དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས《ལྗོངས་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་འགན་འཁུར་བའི་ལས་འགན་འཁུར་བའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་པ།

    སྤྱི་ཚོགས་རྩ་འཛུགས་སྐྱོན་བྲལ་འཕེལ་རྒྱས་འགྲོ་བའི་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-29

     ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་སྤྱི་ཚོགས་ལས་དོན་པུས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་མཉམ་དུ《ལྗོངས་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་འགན་འཁུར་བའི་ལས་འགན་འཁུར་བའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཏོན་ནས་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་འཁུར་བའི་འགན་འཁྲི་ཚད་ལྡན་ཡོང་བར་ལམ་ལུགས་ཀྱི་དབྱེ་མཚམས་ཕྱེ་བ་དང་རྒྱུན་རྣམ་ཅན་གྱི་ལྟ་འདོམས་བྱེད་ཐབས་ནན་དུ་བཏང་སྟེ་སྤྱི་ཚོགས་རྩ་འཛུགས་སྐྱོན་བྲལ་འཕེལ་རྒྱས་འགྲོ་བའི་ལམ་ལུགས་ཀྱི་རྩ་བའི་རྨང་གཞི་བརྟན་དུ་བཏང་ཡོད།

    《བྱ་ཐབས》ནང་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པ་དང་། ཏང་གིས་ཤེས་ལྡན་པར་དོ་དམ་བྱེད་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱི་རང་བརྟེན་མི་སྣ་འདེམས་སྤྱོད་ཕན་ཚུན་གཅིག་གྱུར་བྱ་རྒྱུ་སྟོན་ཕྱོགས་སུ་བྱས་ཏེ་ལྗོངས་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས(སློབ་ཚོགས་དང་། ཞིབ་འཇུག་ལྷན་ཚོགས། མཉམ་འབྲེལ་ལྷན་ཚོགས། སྐུལ་སྤེལ་ཚོགས་པ་སོགས་སྤྱི་ཚོགས་ཚོཌ་པ་ཚུད་པ)དང་། ཐེབས་རྩ་ལྷན་ཚོགས། སྤྱི་ཚོགས་ཞབས་ཞུའི་སྒྲིག་གཞི(དམངས་གཉེར་ཁེ་ལས་མིན་པའི་ཚན་པ)སོགས་སྤྱི་ཚོགས་རྩ་འཛུགས་ཀྱི་འགན་འཁུར་བའི་མིང་འདོན་དང་། ཞིབ་དཔྱད། འདེམས་བསྐོ། འགན་སྒྲུབ། ལྟ་སྐུལ། ཕྱིར་འཐེན་དང་མཚན་འཛིན་གོ་གནས་བཀོད་སྒྲིག་སོགས་ཀྱི་འགག་རྩའི་ལྷུ་ཚིགས་བརྒྱུད་རིམ་ལྡན་པའི་ངང་ཚད་ལྡན་དུ་བཏང་ནས་ཚན་རིག་དང་མཐུན་ལ་འཐུས་སྒོ་ཚང་བའི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱི་མི་སྣ་འདེམས་སྤྱོད་ཀྱི་དོ་དམ་ལམ་ལུགས་མ་ལག་བསྐྲུན་ཡོད།

    《བྱ་ཐབས》ནང་། འགན་འཁུར་བ་འདེམས་གསོ་དང་བཀོལ་སྤྱོད་ཀྱི་འཁོར་འབྲེལ་ཧྲིལ་པོར་དམིགས་ནས་འགན་འཁུར་བའི་འོས་མིའི་གཞི་རྩའི་ལས་འགན་འཁུར་བའི་ཆ་རྐྱེན་དང་འབྲེལ་ཡོད་བླང་བྱ་ཁ་གསལ་བཟོས་ཏེ་སྒྲིག་འགལ་ཁྲིམས་འགལ་དང་། ཁ་དན་ཚིག་ལ་མ་གནས་པ། སྒྲིག་འགལ་ངང་ལས་འགན་གཅིག་ལྕོགས་འཁུར་བ་སོགས་ཀྱི་མི་སྣར“སྤ་སེ་གཅིག་གིས་ཁྲུ་སློག་གཏོང་བའི་ལམ་ལུགས”ལག་བསྟར་བྱས་ཡོད། ལས་འགན་འཁུར་བའི་ལོ་ཚད་དང་། བསྟུད་མར་འགན་འཁུར་བའི་ལོ་ཚད། གཉེན་ཚན་གཟུར་གཡོལ། གཞུང་དོན་སྒྲུབ་མཁན་གྱིས་ལས་འགན་གཅིག་ལྕོགས་འཁུར་བ་སོགས་ཀྱི་དམར་ཐིག་དབྱེ་འབྱེད་ནན་པོ་བྱེད་པ་དང་། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་ཀྱི་དོ་དམ་མི་སྣས་ལས་འགན་འཁུར་བའི་ལམ་ལུགས་ཟང་ཟིང་དང་ལྟ་འདོམས་ལྷུག་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་སོགས་སྤྱི་ཚོགས་རྩ་འཛུགས་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་ནས་རིགས་ཁག་གི་སྤྱི་ཚོགས་རྩ་འཛུགས་ཀྱིས་སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་ཟམ་འཛུགས་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ། གཉེར་སྐྱོང་བྱེད་པོར་ཞབས་འདེགས་ཞུ་བ། ལས་རིགས་ཀྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། གཞི་རིམ་བཅོས་སྐྱོང་ལ་ཞུགས་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།