ལྷ་སའི་སྦི་རག་དུས་ཆེན་ཐོག་དབྱར་དུས་ཀྱི་མཚན་མོའི་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་བ།
ཉིན་ཤས་བསྟུད་མར། 2026ལོའི“3650ལྷ་སའི་སྦི་རག་དུས་ཆེན་དགའ་བས་མྱོས་པའི”ཚ་རླབས་རྒྱུན་མཐུད་འཕྱུར་ནས་རོལ་དབྱངས་འཁྲབ་སྟོན་དང་། སྤེལ་རེས་ཉམས་ལེན། ཁྱད་ལྡན་འགྲན་བསྡུར་སོགས་བྱེད་སྒོས་གྲོང་མི་དང་ཡུལ་སྐོར་བ་མང་པོ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ས་གནས་དེ་གའི་སྒྱུ་རྩལ་པ་དང་རོལ་དབྱངས་ཚོགས་པས་གར་སྟེགས་ཐོག་འཁྲབ་སྟོན་བྱས་པ་དང་། ཞིམ་ཟས་ཁུལ་དང་བཏུང་བྱའི་ཁུལ་དུ་མི་ཧ་ཅང་མང་པོ་ཡོད་ཅིང་། གྲོང་མི་དང་ཡུལ་སྐོར་བས་དྲན་རྟེན་དངོས་པོ་ཉར་ཚགས་ཀྱི་གཱ་ཐོ་འགོད་པ་དང་སྤྲོ་སྣང་འགྲན་སློང་སོགས་ཀྱི་སྤེལ་རེས་རྣམ་གྲངས་ནང་ཞུགས་ཡོད་པས་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
སྐབས་འདིའི་སྦི་རག་དུས་ཆེན་ཐོག་KPOPཟློས་གར་འགྲན་བསྡུར་ཆེ་མོ་དང་དམངས་ཡོངས་ཀྱིས་གླུ་གཞས་གཏོང་བའི་འགྲན་བསྡུར་ཆེ་མོ་སོགས་དར་སོ་ཆེ་བའི་རིག་གནས་བྱེད་སྒོ་སྤེལ་ནས་གྲོང་མི་དེ་བས་མང་བ་ལྟད་མོ་བ་ནས་དེའི་ནང་ཞུགས་མཁན་དུ་འགྱུར་བར་བྱས་ཡོད། མཚན་མོའི་འཛད་སྤྱོད་ཀྱི་དུས་ཚོད་རིང་དུ་གཏོང་བ་དང་གྲོང་ཁྱེར་གྱི་སྤྲོ་གསེང་བར་མཐོངས་རྒྱ་སྐྱེད་དུ་བཏང་བ་བརྒྱུད། བཟའ་བཏུང་དང་རོལ་རྩེད་སོགས་ཀྱི་འབྲེལ་ཡོད་ལས་རྣམ་གྱི་འཛད་སྤྱོད་བྱེད་མང་དུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། སྦི་རག་དུས་ཆེན་ཐོག་ནང་དོན་མང་པོའི་ཐད་ནས་གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བ་དང་མཚན་མོའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་ཏེ་རིག་གནས་ཡུལ་སྐོར་དང་། འཛད་སྤྱོད། རོལ་རྩེད་སོགས་ལས་རྣམ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལྷ་སའི་ཁྱད་ཆོས་ལྡན་པའི་མཚན་མོའི་འཛད་སྤྱོད་ཀྱི་ལྗོངས་རྣམ་གསར་པ་བཏོད་ཡོད། དབྱར་དུས་ཀྱི་མཚན་མོར་གྲོང་ཁྱེར་གྱི་འཚོ་བ་སྐྱེལ་སྟངས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་གཉིས་ཀ་འཕེལ་ཡོད།
འབྲེལ་ཡོད་གསར་འགྱུར།