དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ད་ལོ་ཚུན་དུ་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ས་གཤིས་གནོད་འཚེར་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    ས་གཤིས་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྱོང་ལ་མ་དངུལ་སྒོར་དུང་ཕྱུར་2.59བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-29

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ས་གཤིས་གནོད་འཚེར་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ས་གཤིས་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྱོང་ལ་མ་དངུལ་སྒོར་དུང་ཕྱུར་2.59(ཀྲུང་དབྱང་གི་འགོག་བཅོས་མ་ལག་གི་མ་དངུལ་སྒོར་དུང་ཕྱུར་1.48དང་རིམ་པ་དེ་གའི་ནོར་སྲིད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1.11)བཏང་བ་དང་རིགས་ཁག་རྣམ་གྲངས་61ལག་བསྟར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་61ནང་བརྟག་དཔྱད་གདེང་འཇོག་རྣམ་གྲངས་19དང་། ལས་གྲྭ་བཅོས་སྒྲིག་རྣམ་གྲངས་30 ལས་གྲྭ་སྲུང་སྐྱོང་རྣམ་གྲངས་2 ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་རྣམ་གྲངས་2 གནས་སྤོས་རྣམ་གྲངས་1(དུད་ཚང་32ཚུད་པ) ཉེན་སེལ་རྣམ་གྲངས་6 ཐིག་ལེན་རྣམ་གྲངས་1བཅས་ཚུད་ཡོད་པ་རེད། 2026ལོར་ས་གཤིས་གནོད་འཚེ་ཕྱོགས་བསྡུས་འགོག་བཅོས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་བསལ་བའམ་ཡང་ན་ཉུང་དུ་ཕྱིན་ནས་སྔོན་དཔག་བྱས་ན་གནོད་འཚེ་ཕོག་ཉེན་ཆེ་བའི་མང་ཚོགས་6000ལྷག་ཙམ་གྱི་ཚེ་སྲོག་བདེ་འཇགས་དང་སྒོར་དུང་ཕྱུར་8ལྷག་ཙམ་རི་བའི་རྒྱུ་ནོར་ལ་སྲུང་སྐྱོང་ཐུབ་རྒྱུ་རེད།

    འཁྱགས་མཚོའི་རགས་ཁ་ཤོར་བ་ལས་ཐོན་པའི་ཞོར་ཐོན་ས་གཤིས་གནོད་འཚེར་ཁ་གཏད་ཧུར་ཐག་གཅོག་པའི་ཐད། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་དང་འཁྱགས་མཚོར་རྒྱང་ཚོར་བརྟག་དཔྱད་དང་། ལྟ་ཞིབ་ཚད་ལེན་སྔོན་བརྡ། ཉེན་ཁ་ཚོད་སྐོར་བཅས་ཀྱི་ལས་ཀའི་ཇུས་གཞི》 བཟོས་པ་དང་། 2026ལོའི་འཁྱགས་མཚོའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ཐད་ཆེད་སྤྱོད་མ་དངུལ་སྒོར་ཁྲི་2636བཏང་ནས་འཁྱགས་མཚོའི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་ཉེན་ཁའི་དྲན་སྐུལ་ལས་དོན་སྤེལ་ཡོད།

    ས་གཤིས་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་ཐད། ལྗོངས་ཡོངས་ཀྱི་རིམ་ཁག་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་རིམ་རྩིས་བརྒྱབ་ན་གྲལ་བཤེར་ཐེངས་681བྱས་པ་དང་། མངོན་མེད་རྐྱེན་ངན་ཐོན་ཡུལ་ཁྲི་2ལྷག་ཙམ་ལ་ཞིབ་བཤེར་བྱས་ནས་མངོན་མེད་རྐྱེན་ངན་1163དུས་ཐོག་ཏུ་བསལ་ཡོད།

    ས་གཤིས་གནོད་འཚེའི་ཉེན་ཁའི་རང་བཞིན་ལ་ཚོད་སྐོར་བྱེད་པའི་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་ནས། གེགས་རྗེས་གུད་སྐྱོབ་ནས་གནོད་འཚེ་སྔོན་འགོག་ལ་འགྱུར་བར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་རིགས་ཁག་གི་རྣམ་གྲངས་འཛུགས་སྐྲུན་ཚན་པར་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁའི་རང་བཞིན་ལ་ཚོད་སྐོར་1567བྱས་པར་ལྟ་སྐུལ་བྱས་པ་དང་། 《ལས་གྲྭ་གལ་ཆེན་འཛུགས་སྐྲུན་དང་དེའི་ཞོར་གཏོགས་སྒྲིག་བཀོད་ཀྱི་ས་གཤིས་གནོད་འཚེའི་འགོག་ཟོན་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གི་བརྡ་ཐོ》བཀྲམ་ཏེ། ལས་གྲྭ་གལ་ཆེན་གྱི་ས་གཤིས་གནོད་འཚེའི་ཉེན་ཁའི་རང་བཞིན་གྱི་ཚོད་སྐོར་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ། འཛུགས་སྐྲུན་སྡེ་ཚན་ལ་ཚན་རིག་དང་མཐུན་པའི་དོན་འཁྱོལ་དང་དོགས་ཟོན་བཅོས་སྐྱོང་གི་བྱེད་ཐབས་དམ་དུ་བཏང་སྟེ། འབྱུང་རྩ་ནས་ས་གཤིས་ཀྱི་གནོད་འཚེའི་ཉེན་ཁ་ཉུང་དུ་དང་སྔོན་འགོག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།