《རིག་དངོས་ཁྲོད་ཀྱི་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས》ཞེས་པའི་ཆེད་དོན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཧང་ཀྲོའུ་རུ་འཚོགས་པ།
ཟླ་7ཚེས་25ཉིན། རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་འགྲེམས་ཚོགས་སྐབས་34པའི་རིང་། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་རྩོམ་སྒྲིག་བྱས་པ་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི《རིག་དངོས་ཁྲོད་ཀྱི་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས》ཞེས་པའི་ཆེད་དོན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས་ནས་དཔེ་དེབ་འདིའི་རྩོམ་སྒྲིག་གི་རྒྱབ་ལྗོངས་དང་། དཔྱད་ཡིག་འཚོལ་བསྡུ། དཔེ་དེབ་རྩོམ་པའི་བརྒྱུད་རིམ། དེ་བཞིན་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་རིན་ཐང་བཅས་ངོ་སྤྲོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《རིག་དངོས་ཁྲོད་ཀྱི་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས》ཞེས་པ་དེས་མཐོང་ཐོས་མྱོང་གྲུབ་ཀྱི་རིག་དངོས་དཔྱད་གཞི་འབོར་ཆེན་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་གསེད་བཀྲོལ་བྱས་ཏེ། ཀྲུང་དབྱང་སྲིད་གཞུང་སྐབས་རིམ་བྱུང་གིས་བོད་ས་གནས་ལ་བདག་སྐྱོང་ནུས་ལྡན་བྱེད་ལུགས་ར་སྤྲོད་གསལ་པོ་བྱས་ཤིང་། རིག་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ནས་བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དཔང་རྟགས་ཞུང་བཙན་བྱས་པ་དང་། དུས་ཡུན་རིང་པོའི་ནང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་དོན་དངོས་གསོན་ཉམས་དོད་པོས་མངོན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ལོ་རྒྱུས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།