《དཔལ་འབར་རྫོང་གི་གླ་ཚེར་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ལྷ་སར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《དཔལ་འབར་རྫོང་གི་གླ་ཚེར་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་སྤྱི་བསྒྲགས》(གཤམ་དུ《སྤྱི་བསྒྲགས》ཞེས་བསྡུ་རྒྱུ)ཁྱབ་བསྒྲཌ་བྱས་ཏེ། ས་མཐོའི་ལོ་ངོ་སྟོང་གི་གནའ་བོའི་གླ་ཚེར་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་རབ་དང་རིམ་པ་གཅིག་སྡུད་ཐོག་བསྟན་ནས་སྐྱེ་ཁམས་བཅོས་སྐྱོང་གི་ལག་ལེན་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་མཉམ་སྤྱོད་བྱས་པ་རེད།
དཔལ་འབར་རྫོང་འདི་ཉིད་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པ་དང་། དེ་གར་མིག་སྔར་རྒྱལ་ནང་དུ་ཤེས་རྟོགས་བྱུང་བའི་གཞི་ཁྱོན་ཆེ་ཤོས་དང་ཉར་ཚགས་ཆ་ཚང་ཤོས་ཀྱི་ས་བབ་མཐོ་བའི་གནའ་བོའི་གླ་ཚེར་ཚལ་ཡོད། གནའ་བོའི་གླ་ཚེར་ནགས་ཚལ་ཤར་ཆུ་གཙང་པོའི་ངོགས་གཉིས་སུ་སྤྱི་ལེ་བཅུ་ལྷག་ཙམ་ཁྱབ་ཡོད་པ་དང་། ཡུག་འབྲེལ་རྒྱ་ཁྱོན་མུའུ་3000ཙམ་ཡོད་པ། སྡོང་རྐང་རིང་ཤོས་སྨི་15ཟིན་པ་བཅས་ནི་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གསོ་འཁྱོངས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། མིག་སྔར་གླ་ཚེར་ཚལ་ཁག་གཅིག་ལ་འཕྲད་པའི་ཞན་འགྱུར་རིམ་བརྗེའི་གནས་སྟངས་ལ་དམིགས་ནས《སྤྱི་བསྒྲགས》ནང“སྔོན་ལ་སྲུང་སྐྱོང་དང་། དོ་དམ་ཚོད་འཛིན་ནན་པོ། ཚན་རིག་དང་མཐུན་པའི་ཉམས་གསོ། རྒྱུན་མཐུད་བེད་སྤྱོད་བཅས་བྱེད་པའི”ལྟེ་བའི་སྟོན་ཕྱོགས་ཁ་གསལ་བཏོན་ཡོད།
《སྤྱི་བསྒྲགས》ནང་ལྟེ་བའི་བཅོས་སྐྱོང་གི་རྩ་དོན་ཆེན་པོ་དྲུག་གཏན་འཁེལ་དང་གནའ་བོའི་གླ་ཚེར་ཚལ་གྱི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་ནན་པོ་བྱས་ཏེ་རྣམ་པ་གང་རུང་གི་གཏོར་བཤིག་གསར་སྤེལ་བྱ་རྒྱུ་གཏན་འགོག་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།