དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ས་མཐོའི་ལུས་གསོ་སྣ་མང་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་གྲུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-28

    ཟླ་7ཚེས་25ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་འཚོགས་པའི་ས་མཐོའི་ལུས་གསོའི་གླེང་སྟེགས་སྐབས་གསུམ་པ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ས་མཐོའི་ལུས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱེད་པའི་ཁ་ཕྱོགས་གཙོ་བོར་བརྩིས་ཐོག་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་འདེགས་སྐྱོར་དུ་བྱས་ནས། རྒྱུན་མཐུད་ཤུགས་སྣོན་དང་སྙིང་རུས་གཏན་འཁྱོངས་བྱས་པས། སྐྱེ་ཁམས་ཀྱིས་མཐུན་རྐྱེན་སྦྱོར་བ་དང་། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ། དམངས་འཚོར་ཕན་པ་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་འཚོལ་ཐུབ་པ་དང་ཆབས་ཅིག ས་མཐོའི་ལུས་གསོའི་ཐོན་ལས་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་ཐེབས་ཏེ། སྨན་བཅོས་དང་། ལུས་གསོ། ཞིབ་འཇུག ལུས་སྦྱོང་། ཡུལ་སྐོར་བཅས་ཀྱི་ས་མཐོའི་ལུས་གསོ་སྣ་མང་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་རག་ཙམ་གྲུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།