ཀྲུང་ཕྱིའི་སྐུ་མགྲོན་གྱིས་ཀན་སུའུ་ལན་ཀྲོའུ་རུ་རྒྱང་སྐྱོད་ཀྱི་སྙིང་སྟོབས་སྐོར་མཉམ་སྤྱོད་བྱས་པ།
ཉེ་ཆར། “རྒྱང་སྐྱོད་ལམ་བུར་མཉམ་དུ་བསྐྱོད། རྒྱང་སྐྱོད་རླབས་པོ་ཆེ་ནས་བསྐྱར་དར་རླབས་པོ་ཆེའི་བར”ཞེས་པའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་སྐོར་གྱི་མཉམ་སྤྱོད་ཚོགས་འདུ་ཀན་སུའུ་ལན་ཀྲོའུ་རུ་འཚོགས་པ་རེད། མཉམ་སྤྱོད་ཚོགས་འདུ་དེ་ཀྲུང་གོ་ཕྱི་སྐད་ཅུས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་བརྒྱུད་བསྒྲགས་ལྟེ་གནས་དང་ཀན་སུའུ་རྒྱལ་སྤྱིའི་བརྒྱུད་བསྒྲགས་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པ་རེད། ཀྲུང་གོ་སྲིད་གཞུང་གི་མཛའ་གྲོགས་བྱ་དགའ་ཐོབ་མཁན་དང་ཡུན་རིང་ཀྲུང་གོར་ལས་ཀ་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་། རྒྱལ་སྤྱིའི་སྨྱན་སྦྱོར་མི་སྣ། ཀྲུང་གོའི་རིག་པ་མཁས་ཅན། ཀྲུང་གུང་ཏང་གི་ལོ་རྒྱུས་ཞིབ་འཇུག་པ། དམར་དམག་གི་རྗེས་རབས་པ། གཞི་རིམ་གྱི་སློབ་གསོའི་ལས་དོན་པ་སོགས་སྐུ་མགྲོན་9ཡིས་ལྟ་ཕྱོགས་མི་འདྲ་བའི་སྒོ་ནས་རྒྱང་སྐྱོད་ཀྱི་ལོ་རྒྱུས་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་ངོས་འཛིན་བྱས་ཚུལ་མཉམ་སྤྱོད་བྱས་པ་མ་ཟད། རྒྱང་སྐྱོད་ཀྱི་སྙིང་སྟོབས་ནང་འདུས་པའི་རིན་ཐང་གི་ནང་དོན་དང་རྒྱལ་སྤྱིའི་དོན་སྙིང་ཡང་མཉམ་དུ་མངོན་པར་བྱས་པ་རེད།
ཟླ་7ཚེས་13ཉིན་ནས་18ཉིན་བར། ཀྲུང་གོ་དང་། ཨ་རི། དབྱིན་ཇི། རི་པིན། ཧོ་ལན། པར་ཙིར། ནེའུ་ཙི་ལན་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་དང་། སྨྱན་སྦྱོར་མི་སྣ། རྒྱལ་སྤྱིའི་གྲོགས་པོ་དང་དེ་བཞིན་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཞིབ་འཇུག་པ་དང་གསར་བརྗེའི་རྗེས་རབས་པ་སོགས་ལས་གྲུབ་པའི་ཀྲུང་ཕྱིའི་བཅར་འདྲི་ཚོགས་པས་སྔ་རྗེས་སུ་ལན་ཀྲོའུ་དང་། མིན་རྫོང་། ལ་གཟར་ཁ། ཧ་ཏ་ཕུའུ། ཧུའེ་ཉིང་སོགས་སུ་བསྐྱོད་ནས་དངོས་བྲིས་བརྙན་ཐུང་དང་། མི་སྣར་ཆེད་དོན་བཅར་འདྲི། ནང་དོན་ཟབ་པའི་རི་མོ། བརྙན་ལམ་ཐུང་ངུ་། སྤྱི་ཚོགས་ཀྱི་འབྲེལ་བའི་སྨྱན་སྦྱོར་སྒུལ་རྣམ་གཏོང་སྤེལ་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད། ཕྱིའི་རྒྱལ་ཁབ་མང་པོའི་སྐུ་མགྲོན་ལ་རྒྱང་སྐྱོད་ཀྱི་གཏམ་རྒྱུད་ཤོད་པ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་སྐོར་མཉམ་སྤྱོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།