དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་རིག་མཛོད་གླེང་སྟེགས་པེ་ཅིང་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-28

    ཉེ་ཆར། “ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འཐབ་ཇུས་འབྲེལ་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་རིག་མཛོད་གླེང་སྟེགས་པེ་ཅིང་དུ་གཉེར་བ་རེད། གླེང་སྟེགས་དེ་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཨུ་རུ་སུ་དང་ཡོ་རོབ་ཤར་མ་དང་ཨེ་ཤེ་ཡ་དབུས་མའི་ཞིབ་འཇུག་སུའོ་དང་། ཨུ་ཟ་བྷེ་ཁི་སི་ཐན་འཕེལ་རྒྱས་འཐབ་ཇུས་ལྟེ་གནས། ཀྲུང་གོར་བཅའ་སྡོད་ཨུ་ཟ་བྷེ་ཁི་སི་ཐན་གྱི་གཞུང་ཚབ་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་པོའི་རིག་མཛོད་ཀྱི་རིགས་གཅིག་མཁས་ཅན་དང་། ཕྱི་འབྲེལ་དཔོན། སྨྱན་སྦྱོར་གྱི་གསར་འགོད་པའི་འཐུས་མི་སོགས་མི་50ལྷག་ཙམ་ཞུགས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འགྲོ་འགོ་དང“ཨུ་ཟ་བྷེ་ཁི་སི་ཐན—2023”འཐབ་ཇུས་འབྲེལ་མཐུད་དང་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་འབྲེལ་བ་སོགས་ཀྱི་བརྗོད་གཞིའི་སྐོར་ལ་སྤེལ་རེས་དཔྱད་བསྡུར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།