ཀན་སུའུ་ཀྲང་ཡེ་རུ་གཞོན་ནུ་ལོ་ཆུང་གི་ཐའེ་ཆོན་དྲག་རྩལ་སྤེལ་རེས་འགྲན་བསྡུར་འགོ་ཚུགས་པ།

2026ལོའི་ཟླ་7ཚེས་25ཉིན། འཛམ་གླིང་ཐའེ་ཆོན་རྩ་འཛུགས(WM0)ཀྱིས་རྒྱལ་སྤྱིའི་རང་མོས་རྩལ་འཐབ་མཐུན་ཚོགས(ISKA)དང་མཉམ་དུ་གཙོ་གཉེར་བྱས་པའི་འཛམ་གླིང་གི་གཞོན་ནུ་ལོ་ཆུང་གི་ཐའེ་ཆོན་དྲག་རྩལ་སྤེལ་རེས་འགྲན་བསྡུར(ཀྲང་ཡེ་ས་ཚིགས)ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཤིན་ཧུའེ་རྒྱལ་སྤྱིའི་དུས་རབས་ཐང་ཆེན་དུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་ལ“གཞོན་ནུས་ཐའེ་ཆོན་དྲག་རྩལ་འགྲན། འཛམ་བུ་གླིང་དང་འབྲེལ་ཟམ་འཛུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རྒྱལ་སྤྱི་ཅན་གྱི་གཞོན་ནུ་ལོ་ཆུང་གི་དམར་འཛིང་རྩལ་འགྲན་ལས་སྟེགས་བཏོད་ནས། གཞོན་ནུ་ལོ་ཆུང་ཐའེ་ཆོན་རྒྱག་མཁན་སྤྱི་རྒྱ་20དང་25ཡི་རིམ་པ་མི་འདྲ་བའི་ལུས་རྩལ་པས་མཉམ་དུ་འགྲན་བསྡུར་དྲག་པོ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།