དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས《མི་དམངས་ཞིབ་དཔྱོད་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-28

    ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས《མི་དམངས་ཞིབ་དཔྱོད་བྱ་གཞག་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཀྲམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཞིབ་དཔྱོད་ལས་དོན་གྱི་དམིགས་ཚད་གཙོ་བོ་ཁ་གསལ་བཏོན་པ་སྟེ། 2030ལོར་སླེབས་སྐབས། ཞིབ་དཔྱོད་ལས་ཁུངས་ཀྱི་འགན་ནུས་བཀོད་སྒྲིག་དང་། སྒྲིག་གཞི་སྒྲིག་འགོད། འགན་སྒྲུབ་གྱོད་སྒྲུབ། ཞིབ་དཔྱོད་དོ་དམ། དཔུང་ཁག་འཛུགས་སྐྱོང་། ཞིབ་དཔྱོད་ལས་དོན་གྱི་འགན་ལེན་སོགས་ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིབ་དཔྱོད་ལྷུ་ཚིགས་ཀྱི་ཁྲིམས་འཛིན་དྲང་གཞག་མངོན་འགྱུར་དང་གདེང་འཇོག་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ། བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་འབྲས་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཞིབ་དཔྱོད་སྟོབས་ཆེར་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་བ། གཞི་རིམ་གྱི་རྨང་གཞི་དེ་བས་བརྟན་དུ་གཏོང་བ། སྒྱུར་འཕེལ་བརྟན་གསུམ་ལ་ཞབས་འདེགས་ཞུ་བའི་འགན་ནུས་གང་ལེགས་འདོན་པ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་སྐྲུན་པ་དང་ཁྲིམས་སྐྱོང་ཀྲུང་གོའི་ཁྲོད་ཀྱི་ནུས་པ་དེ་བས་མངོན་གསལ་དོད་དུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིབ་དཔྱོད་ལམ་ལུགས་དེ་བས་གནད་སྨིན་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།