དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་སའི་བཟོ་ལས་འཕེལ་རྒྱས་མྱུར་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-28

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་ས་གྲོང་ཁྱེར་གྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་གིས་མཐུན་རྐྱེན་སྦྱོར་རྒྱུ་མཐའ་འཁྱོངས་བྱས་ནས་བཟོ་ལས་ཀྱི་འཕར་ཐང“ལོ་ལྔ་ཚན་བཅུ་གསུམ་པའི”ལོ་མཇུག་གི་སྒོར་དུང་ཕྱུར་78.55ནས་2025ལོའི་སྒོར་དུང་ཕྱུར་271.61བར་འཕར་ཏེ་ལྡབ་3.4འཕར་བ་དང་། བཟོ་ལས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་11.3%ནས་24.9%བར་ཤུགས་ཆེན་འཕར་ནས་བརྒྱ་ཆའི་གྲངས་13.6མཐོ་རུ་ཕྱིན་པ་དང་། བཟོ་ལས་ཀྱི་གཙོ་ཁྲིད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་སྤུས་འབོར་གཉིས་ཀ་མཐོ་རུ་ཕྱིན་ཏེ་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་ལྟེ་བའི་འཕར་སྣེར་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལྷ་ས་གྲོང་ཁྱེར་གྱིས“གཙོ་ཁྲིད་གཅིག་དང་། ཀ་རྟེན་ཆེན་པོ་གསུམ། ཐོན་ལས་ཆེན་པོ་དགུ”བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས“མཐོ་གཉིས་དམའ་གཅིག”གི་རྣམ་གྲངས་གཏན་འགོག་མཐའ་གཅིག་ཏུ་བྱས་པ་རེད། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལ་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་ལས་གླིང་ཁུལ་དང་རྒྱལ་ཁབ་རིམ་པའི་ཐཱན་མེད་གླིང་ཁུལ་གྱི་ཆོག་མཆན་ཐོབ་ནས་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་10དང་བོད་རང་སྐྱོང་ལྗོངས་རིམ་པའི་བཟོ་གྲྭ་25སྐྱེད་སྲིང་བྱས་པ་དང་ལྗང་མདོག་བཟོ་ལས་ཀྱི་འཕར་ཐང་ལོར་ཆ་སྙོམས་11.7%འཕར་ནས་བཟོ་ལས་ལྗང་མདོག་གི་རྨང་གཞི་བརྟན་དུ་ཕྱིན་ཡོད།

    མིག་སྔར། ལྷ་ས་གྲོང་ཁྱེར་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་125ཡོད་པའི་ནང་སྒོར་དུང་ཕྱུར་ཡན་གྱི་ཁེ་ལས་31དང་། སྒོར་དུང་ཕྱུར་10ཡན་གྱི་ཁེ་ལས་4 སྒོར་དུང་ཕྱུར་50ཡན་གྱི་ཁེ་ལས་2 སྒོར་དུང་ཕྱུར་100ཡན་གྱི་ཁེ་ལས་1བཅས་སྐྱེད་སྲིང་བདེ་བླག་བྱས་ཡོད།

    རང་སྐྱོང་ལྗོངས་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་77ཡོད་པ་དེས་ལྗོངས་ཡོངས་ཀྱི་84.6%ཟིན་ཡོད། 2025ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་16.7%འཕར་བ་དེས་ལྗོངས་ཡོངས་ཀྱི་52.7%ཟིན་ནས་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་གནས་ཐང་འཕར་བར་ལེགས་སྐྱེས་འབུལ་ཚད་68.2%ཟིན་ཡོད་པ་རེད།

    དེ་དང་ཆབས་ཅིག “ལོ་ལྔ་ཚན་བཅུ་བཞི་པའི”ཚུན། ལྷ་ས་གྲོང་ཁྱེར་གྱི་སྒུལ་ནུས་གསར་གཏོད་བྱེད་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཡོད། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་ལྷ་སའི་མཐོ་རིམ་ཡན་ལག་གླེང་སྟེགས་ཡུན་རིང་བཙུགས་པ་དང་། ལྷ་སའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོའི་ཕྱིར་གཏོང་ནང་འདྲེན་ཅུས་བཙུགས་ནས་སྤྱོད་འགོ་ཚུགས་པ། ལྷ་སའི་རྒྱལ་ཁབ་རིམ་པའི་མཉམ་འབྲེལ་དྲ་རྒྱའི་རྐང་འཛིན་ཐད་སྦྲེལ་ས་ཚིགས་གཞི་རྩའི་ཆ་ནས་བསྐྲུན་པ། གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་མདུན་གྲལ་དུ་སླེབས་པ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་བསྲིང་མགྱོགས་མྱུར་བྱས་ཡོད། གླིང་ཁུལ་འཕེལ་རྒྱས་དང་སྒོ་དབྱེའི་ལས་སྟེགས་ཀྱི་ནུས་རིམ་མགྱོགས་མྱུར་འཕར་ཞིང་། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། མཐོ་གསར་ཁུལ། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་གླིང་ཁུལ་གྱི་འཐབ་ས་གཙོ་བོ་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་ཁྲལ་སྡོམ་ལས་གཉེར་བྱས་ཏེ་2025ལོར་ཕྱིར་གཏོང་ནང་འདྲེན་བྱས་པའི་གྲངས་འབོར་གྱིས་གྲོང་ཁྱེར་ཡོངས་ཀྱི་བཅུ་ཆ་བཞི་ཡན་བཟུང་ནས་བོད་ཀྱི་ཕྱི་རྒྱལ་གྱི་མཛོད་ཁང་དང་པོ་བསྐྲུན་པ་དང་བཟོ་ལས་ཕྱིར་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་གིས་ལྗོངས་ཡོངས་ཀྱི་ཕྱེད་ཀ་ཡན་བཟུང་ནས་བཟོ་ལས་ཀྱི་སྒུལ་ཤུགས་གཙོ་བོའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།