ནག་ཆུའི་རྫོང་དང་ཤང་ཚང་མར་དངུལ་རྩའི་ཞབས་ཞུ་ཁྱབ་པ།
ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཀུན་ཕན་དངུལ་རྩའི་ཞབས་ཞུ་གཤམ་སྐྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། 2026ལོའི་ཟླ་6པའི་ཟླ་མཇུག་བར། ནག་ཆུ་གྲོང་ཁྱེར་དུ་རིམ་རྩིས་བརྒྱབ་ན་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་39དང་ཞིང་སྐྱོར་དངུལ་ལེན་ས་1198བསྐྲུན་ནས་རྫོང(ཆུས)དང་ཤང(གྲོང་རྡལ)ཚང་མར་ཁྱབ་ཡོད། 2026ལོའི་ལོ་སྟོད་དུ། ཞབས་ཞུའི་ས་ཚིགས་ཀྱིས་དངུལ་ལེན་གྱི་ལས་སྒོ་1487གཉེར་བར་དངུལ་འབོར་སྒོར་ཁྲི་254.33ཟིན་པ་དང་། དངུལ་སྒྱུར་དང་དངུལ་སྐུར་ཐེངས་3419བྱས་པར་དངུལ་འབོར་སྒོར་ཁྲི་1016.17ཟིན་ཡོད།
ས་རྒྱ་ཆེ་བ་དང་། དྲ་ཚིགས་ཁྱབ་དཀའ་བ། གཉེར་སྐྱོང་མ་གནས་མཐོ་བ་བཅས་ཀྱི་ནག་ཆུའི་དོན་དངོས་ལ་དམིགས་ཏེ་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་འཆར་འགོད་བཏོན་ནས“ཡོད་པ་བརྒྱད”ཀྱི་ཚད་གཞི་ཁ་གསལ་བཏོན་ཏེ་མཚོན་རྟགས་བྱང་བུ་དང་། ལས་སྒོའི་སྤྱི་བསྒྲགས། ལས་རིམ་དཔེ་རིས། ཐོ་འགོད་དེབ། དངུལ་རྩའི་ཞབས་ཞུའི་མཐའ་སྣེ། དངུལ་བཤེར་འཕྲུལ་ཆས། དྲིལ་བསྒྲགས་འགྲེམས་སྒྲོམ། བདེ་འཇགས་འགོག་སྲུང་སྒྲིག་ཆས་བཅས་གཅིག་གྱུར་བཀོད་སྒྲིག་བྱས་ནས། དངུལ་ཁང་གི་དྲ་ཚིགས་མེད་པའི་ཤང་དང་གྲོང་རྡལ་དུ་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། དངུལ་ལེན་དང་། དངུལ་སྒྱུར། འདྲི་རྩད་བཅས་ཀྱི་རྨང་གཞིའི་ཐོག་སྤྱི་ཚོགས་འགན་བཅོལ་གཱ་ཡི་སྤྱོད་ནུས་སློང་བ་དང་། སྒོར་ཙག་དང་དངུལ་རལ་པ་བརྗེ་བ། “ཞིང་གསུམ”གྱི་དངུལ་བུན་བློ་འདྲི། ཡིད་རྟོན་ཉམས་ཞིབ་ཀྱི་ཁྲིད་སྟོན། དེ་བཞིན་བོད་སྐད་ཀྱི་དྲིལ་བསྒྲགས་སོགས་ཀྱི་ཞབས་ཞུ་རིམ་བཞིན་ཁ་སྣོན་བྱས་ནས་ས་ཚིགས་ཀྱི་ཕྱོགས་བསྡུས་ནུས་པ་ཕུན་སུམ་ཚོགས་སུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།