དབུ་ཤོག
  • གཟའ་འཁོར་འདིའི་ནང་ཆར་པ་ཆེན་པོ་འབབ་པ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-07-27

    ཟླ་7ཚེས་26ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་དུས་དཀྱིལ་གྱི་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་མ་འོངས་ཉིན་10 (ཟླ་7ཚེས་27ནས་ཟླ་8ཚེས་5ཉིན་བར)ཡི་རིང་རང་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ་འབབ་རྒྱུ་དང་། ཉིང་ཁྲི་དང་། གཞིས་རྩེ། ལྷོ་ཁ། ཆབ་མདོའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་ནང་ལྷོ་རྒྱུད་ཀྱི་ས་བབ་དམའ་བའི་ས་ཆར་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། དེའི་རིང་ནག་ཆུ་དང་། ཆབ་མདོ། གཞིས་རྩེ། ལྷ་ས། ལྷོ་ཁ་སོགས་སུ་ཉིན་གུང་ཡོལ་རྗེས་དྲག་ཆར་དང་འབྲུག་ཆར་འབབ་རྒྱུ་དང་། ལྷགས་པ་ཆེན་པོ་རྒྱག་རྒྱུ། སེར་བ་འབབ་རྒྱུ་རེད།

    གནམ་གཤིས་སྟོན་ཚུལ་གཙོ་བོ།

    ཟླ་7ཚེས་27ཉིན་ནས་ཟླ་7ཚེས་31ཉིན་བར། མངའ་རིས་དང་། གཞིས་རྩེ། ནག་ཆུའི་ནུབ་རྒྱུད་དང་དབུས་རྒྱུད། ཉིང་ཁྲི། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་རིང་མེ་ཏོག་རྫོང་གི་ས་བབ་དམའ་བའི་ས་ཆར་ཆར་པ་ཆེན་པོ་འབབ་རྒྱུ། ལྷ་ས་དང་། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་ལྷོ་རྒྱུད་བཅས་ལ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་འཐིབས་ནས་ཐོལ་ཆར་འབབ་རྒྱུ། 

    ཟླ་8ཚེས་1ཉིན་ནས་ཟླ་8ཚེས་3ཉིན་བར། ཉིང་ཁྲི་དང་། གཞིས་རྩེ། ལྷོ་ཁ། ཆབ་མདོའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་རིང་ལྷོ་རྒྱུད་ཀྱི་ས་བབ་དམའ་བའི་ས་ཆར་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད་དང་། ལྷ་ས། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད་བཅས་ལ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ།

    ཟླ་8ཚེས་4ཉིན་དང་ཟླ་8ཚེས་5ཉིན། ཉིང་ཁྲི་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། དེའི་རིང་མེ་ཏོག་རྫོང་གི་ས་བབ་དམའ་བའི་ས་ཆར་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། གཞིས་རྩེའི་ཤར་རྒྱུད་དང་། ལྷ་སའི་ཤར་རྒྱུད། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་དང་དབུས་རྒྱུད་བཅས་ལ་གནམ་འཐིབས་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།