དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བོད་ལྗོངས་པ་སྣམ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་ཀྲང་ཡུས་ཧུང་།

    ​འགྱུར་བ་ཕྱིན་པ་ནི་ཐོབ་ཐང་དང་མི་འགྱུར་བ་ནི་ཐོག་མའི་བསམ་འདུན་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།   |     སྤེལ་དུས།  2026-07-27

    ལོ་གཅིག་གོང་ཀྲང་ཡུས་ཧུང་ནི་ཚན་ཞིབ་མི་སྣ་ཞིག་ཡིན་པ་དང་སྐབས་དེར་རྒྱུས་མངའ་ཆེ་ཤོས་ནི་ཚོད་ལྟ་ཁང་དང་། གྲངས་གཞི། དཔྱད་རྩོམ་བཅས་རེད། ལོ་གཅིག་རིང་། ཁོང་པ་སྣམ་རྫོང་གི་ཤང་དང་གྲོང་རྡལ་11གི་སྲིད་འཛིན་གྲོང་ཚོ་111གི་ཞིང་འབྲོག་པའི་ཁྱིམ་ཚང་མང་པོར་བསྐྱོད་མྱོང་ཡོད།

    ཚན་ཞིབ་མི་སྣ་ནས་གྲོང་སྡོད་ལས་བྱེད་པའི་བར། འགྱུར་བ་ཕྱིན་པ་ནི་ཐོབ་ཐང་དང་མི་འགྱུར་བ་ནི་ཐོག་མའི་བསམ་འདུན་རེད།

    “ཁྱེད་རང་གིས་བྲོ་བ་ཞིག་གཟིགས་དང”ཞེས་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་བསམ་བརྟན་བཟའ་བཅའ་ལས་སྣོན་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ཁེ་ལས་ཀྱི་འགན་འཁུར་བས་སྔོ་ཚལ་ཐུག་པ་ཕོར་པ་གང་བསྐྱལ་ཞིང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའ་ཚན་རིག་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུས་ཧུང་གིས་ཐུག་པ་ཁ་གང་བཟས་རྗེས། ཐུག་པ་དེ་མཁྲེགས་ཙམ་ཡོད་པ་མ་ཟད་རྗེན་དྲི་ཡང་ཏོག་ཙམ་ཁ་གི་འདུག ཁོང་གིས་ཐོན་སྐྱེད་བརྒྱུད་རིམ་ལ་ཡང་བསྐྱར་བལྟས་པས་ཁོར་ཡུག་གཙང་སྦྲ་ཡག་པོ་ཡོད་པ་རེད། འོ་ན་གནད་དོན་གང་ནས་བྱུང་བ་ཡིན་ནམ། བཟོ་རྩལ་དང་བྲོ་བའི་ཐད་ཞན་ཆ་མངོན་གསལ་དོད་པོ་ཡོད་ཅིང་། ཡུན་རིང་པོ་བཙོ་དགོས་ལ་དྲི་ངན་ཡང་ཡོད་པ་ཤེས་རྟོགས་བྱུང་།

    འདི་ནི་ན་ནིང་དབྱར་ཁར་ཀྲང་ཡུས་ཧུང་གིས་པ་སྣམ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར་བ་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་བཞི་པའི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་བྱེད་སྐབས་མི་རིང་བར་ཐོན་པའི་གནས་ཚུལ་ཞིག་རེད།

    པ་སྣམ་རྫོང་ནི་བོད་ཀྱི་ཞིང་ལས་ཀྱི་རྫོང་ཆེན་ཞིག་ཡིན་པ་དང་། ནས་དང་སྔོ་ཚལ་འདེབས་ཡུན་རིང་པོ་ཡིན། འོན་ཀྱང་ལས་སྣོན་ཞིབ་ཚགས་བྱ་རྒྱུ་ནི་གང་དེའི་ཐོག་མཐའ་བར་གསུམ་གྱི་ཞན་ཆ་ཞིག་རེད། ཀྲང་ཡུས་ཧུང་གིས་ཞིང་ལས་ཚན་རིག་ཁང་བཟའ་བཅའ་སུའོ་ཡི་ཚན་ཞིབ་མི་སྣ་འཁོར་ཁང་དུ་གདན་དྲངས་ནས། རྒྱ་ཐུག་གི་བྲོ་བ་དང་། ཚོས་གཞི། སྤུས་ཚད་འགན་ལེན་གྱི་དུས་ཡུན་སོགས་ཀྱི་གནད་དོན་ལ་དམིགས་ཏེ་སྒྱུར་བཀོད་ཀྱི་ཇུས་གཞི་རེ་རེ་བཞིན་བཟོས་པ་རེད། དེས་ན། འདི་ལོའི་ཟླ་དང་པོར། སྒྱུར་བཀོད་བྱས་རྗེས་ཀྱི་ནས་ཀྱི་ཐུག་པ་དངོས་སུ་ཁྲོམ་རར་བཏོན་ཞིང་། ཐུག་པའི་མཁྲེགས་ལོས་འཚམ་པོ་ཡོད་པ་དང་འཚོད་པའི་དུས་ཡུན་སྔོན་མ་དང་བསྡུར་ན་ཧ་ཅང་ཐུང་དུ་ཕྱིན་ཡོད་ལ། ད་དུང་སྔོ་དྲི་ཚུབ་ཚུབ་ཀྱང་ཡོད་པ་རེད།

    པ་སྣམ་རྫོང་ནི་ནས་ཐོན་ཁུལ་གཙོ་བོ་ཡིན་མོད། དུས་ཡུན་རིང་པོའི་ནང་། ནས་སྐྱེ་འཚར་གྱི་དུས་མཚམས་མི་འདྲ་བར་ཆུ་མཁོ་ཚད་དང་ཞིང་ཆུ་འདྲེན་པ་དང་ཐོན་འབབ་དབར་གྱི་འབྲེལ་བ་སོགས་ཀྱི་རྨང་གཞིའི་གྲངས་གཞི་ཧ་ལམ་འཚོལ་ཞིབ་བྱས་མེད། དེས་ན། ཀྲང་ཡུས་ཧུང་གིས་ཞིང་ལས་ཚན་རིག་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པར་འབྲེལ་བ་བྱས་ནས་པ་སྣམ་རྫོང་དུ་ནས་ལ་ཞིང་ཆུ་འདྲེན་པའི་བཅད་གྲངས་ལ་ཞིབ་འཇུག་བྱེད་འགོ་ཚུགས་པ་རེད། “དུས་ཐུང་ནང་ཐོན་འབབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་མེད་མོད། འོན་ཀྱང་དུས་ཡུན་རིང་འབྲིང་ནས་བལྟས་ཚེ། དེ་ནི་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་རྨང་གཞིའི་གྲངས་གཞི་ཞིག་རེད”ཅེས་ཀྲང་ཡུས་ཧུང་གིས་བཤད་པ་དང་། ཁོང་གིས“འཕྲལ་གྱི་སེམས་ཁྲལ་སེལ་དགོས་ལ་ཕུགས་ཀྱི་ཇུས་གཞི་དེ་བས་ཀྱང་འདིང་དགོས། འདི་ནི་ཏང་ཡོན་ལས་བྱེད་པ་ཞིག་གིས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་རེད”ཅེས་བཤད།

    “དང་ཐོག་ང་རང་ལ་ཡང་དཀའ་ངལ་ལ་སྐྲག་པའི་བསམ་ཚུལ་བྱུང་། ཡིན་ནའང་ཏང་ཡོན་ཞིག་ཡིན་པའི་ངོས་ནས་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་དོན་དེ་ངས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་པ་མ་ཟད་གྲུབ་འབྲས་ཀྱང་ལེགས་པོ་ཐོབ་པ་བྱེད་དགོས”ཞེས་ཀྲང་ཡུས་ཧུང་གིས་བཤད། མ་གཞི་དེ་གོང་རྟག་ཏུ་གྲོང་གསེབ་ཏུ་ཞིབ་འཇུག་བྱེད་པར་སྐྱོད་ཀྱི་ཡོད་པས་གྲོང་གསེབ་ཀྱི་གནས་ཚུལ་ཤེས་རྟོགས་ངེས་ཅན་ཐུབ་ཀྱི་ཡོད། འོན་ཀྱང་གྲོང་སྡོད་ལས་དོན་ལས་ཁོང་ལ་ཚན་ཞིབ་ལས་དོན་གྱི་ཁྱབ་ཁོངས་ལས་བརྒལ་ནས་གྲོང་གསེབ་ལ་ཤེས་རྟོགས་བྱེད་པའི་གོ་སྐབས་ཤིག་བྱུང་ཡོད།

    ལོ་གཅིག་གོང་ཀྲང་ཡུས་ཧུང་ནི་ཚན་ཞིབ་པ་ཞིག་ཡིན་པ་དང་སྐབས་དེ་དུས་རྒྱུས་མངའ་ཆེ་ཤོས་ནི་ཚོད་ལྟ་ཁང་དང་། གྲངས་གཞི། དཔྱད་རྩོམ་བཅས་རེད། ལོ་གཅིག་སོང་རྗེས། ཁོང་པ་སྣམ་རྫོང་གི་ཤང་དང་གྲོང་རྡལ་11གི་སྲིད་འཛིན་གྲོང་ཚོ་111གི་ཞིང་འབྲོག་པའི་ཁྱིམ་ཚང་མང་པོར་བསྐྱོད་མྱོང་ཡོད། ལོ་གཅིག་གྲོང་སྡོད་བྱེད་རིང་ཁོང་དང་རུ་མི་ཚོས་རིམ་རྩིས་བརྒྱབ་ན་མང་ཚོགས་ཀྱི་སེམས་ཁྲལ་དང་། དཀའ་ངལ། འཕྲལ་མཁོ། རེ་སྒུག་བཅས་ཀྱི་གནད་དོན་1044ཐག་གཅོད་བྱས་ཡོད་པ་རེད། “ཏང་ཡོན་གྱི་རྟགས་མ་བཏགས་ནས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་སྐབས་ཁོང་ཚོས་ངར་བདེ་སྡུག་བཤད་པ་དེ་ནི་གུང་ཁྲན་ཏང་ཡོན་ཞིག་ལ་ཡིད་ཆེས་བྱས་པ་ཞིག་ཡིན་པས། ང་ལ་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག” ཅེས་ཁོང་གིས་བརྗོད།

    ཚན་ཞིབ་མི་སྣ་ནས་གྲོང་སྡོད་ལས་བྱེད་པའི་བར། འགྱུར་བ་ཕྱིན་པ་ནི་ཐོབ་ཐང་དང་མི་འགྱུར་བ་ནི་ཐོག་མའི་བསམ་འདུན་རེད། “ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་ལྡན་ཡོད་པས། ང་ཚོས་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་དགོས”ཅེས་ཀྲང་ཡུས་ཧུང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།