དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ། ཤིས་ཧྲོང་པན་ན”ཞེས་པའི་བྱེད་སྒོར་ཆར་ནགས་དང་གྲོང་ཁྱེར་གྱི་འཕེལ་རྒྱས་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-27

     ཟླ་7ཚེས་14ནས་16ཉིན་བར། “ཆར་ནགས་དང་ཁྱིམ་གཞིས། མཉམ་གནས། མཉམ་སྐྲུན། མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ། ཤིས་ཧྲོང་པན་ན”ཞེས་པའི་བྱེད་སྒོ་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་རུ་གཉེར་བ་རེད། ཀྲུང་གོ་དང་། ཁམ་ཕུ་ཁྲེ། ལོ་སི། འབར་མ། ཕ་ཁི་སི་ཐན། ནེ་པ་ལ། སི་རི་ལན་ཁ་སོགས་རྒྱལ་ཁབ་24ཡི་ཧྲི་ཀྲང་100ལྷག་ཙམ་དང་། ཧྲི་ཀྲང་གི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་གྱི་འཐུས་མི་བཅས་བྱེད་སྒོར་ཞུགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་། གྲོང་ཁྱེར་བཅོས་སྐྱོང་། ཐོན་ལས་མཉམ་སྐྲུན་སོགས་ཀྱི་གྲོས་གཞིར་དམིགས་ཏེ་སྤེལ་རེས་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ཡོངས་བསྒྲགས་བྱས་པའི《ཤིས་ཧྲོང་པན་ནའི་གྲོས་འགོའི》ནང་སྐྱེ་ཁམས་མཉམ་གནས་དང་། ཐོན་ལས་མཉམ་སྐྲུན། གྲུབ་འབྲས་མཉམ་སྤྱོད། ཕུགས་ཕན་གཉིས་ཁེ་བཅས་ཕྱོགས་བཞིར་དམིགས་ནས་ཕྱོགས་ཁག་གིས་ཚ་ཁུལ་ཆར་ཆུ་མང་བའི་ནགས་ཚལ་དང་རྒྱལ་སྒྲོལ་གཙང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་ནགས་དང་། རིག་གནས་ཡུལ་སྐོར། ཚོང་དོན། གཞོན་ནུའི་ལས་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། སློབ་གསོ་དང་སྨན་བཅོས་སོགས་སྤྱི་པའི་ཞབས་ཞུའི་ཀུན་ཕན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱུན་རྣམ་ཅན་གྱི་གྲོང་ཁྱེར་དབར་གྱི་སྤེལ་རེས་མཉམ་ལས་ལམ་སྲོལ་གཏོད་དགོས་པའི་གྲོས་འགོ་བཏོན་ཡོད། ད་ཐེངས་ཀྱི་བྱེད་སྒོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དང་ཤིས་ཧྲོང་པན་ན་ཀྲོའུ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་ཞིག་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།