དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མ་ལ་ཝུའེ་ཡིས་སྤུས་ལེགས་སྲིང་བལ་རྒྱལ་སྤྱིའི་ཁྲོམ་རར་འདོན་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-27


    འདི་ནི་ཞ་ཤིས་ལེ་ཀུའུ་ཡི་སྲིང་བལ་ཐོན་ཁུལ་ཆི་ཁེ་ཝ་ཝའི་སྲིང་བལ་ལ་ལོ་ལེགས་བྱུང་བའི་རྣམ་པ་ཡིན་པ།

    འདི་ནི་སྲིང་བལ་འདེབས་མཁན་ཞིང་པ་ཨའེ་ས་ཁེ་ཡིས་བཏོག་མ་ཐག་པའི་སྲིང་བལ་སྟོན་བཞིན་པ།

    ལོ་ལྟར་གྱི་ཟླ་5པ་ནས་7པའི་བར། ཨ་ཧྥེ་རི་ཁ་ཤར་མའི་ས་མཐོར་ཆར་ཞོད་རིམ་གྱིས་ཡོལ་བ་དང་སྦྲགས། མ་ལ་ཝུའེ་ཡི་སྲིང་བལ་ཐོན་ཁུལ་གཙོ་བོ་ཞ་ཤིས་ལེ་ཀུའུ་ཡི་སྲིང་བལ་འདེབས་ཁུལ་དུ་ཡིད་དབང་འཕྲོག་པའི་ནམ་དུས་ཤར་ཡོད། དེ་ཡང་སྲིང་བལ་གྱི་གང་བུ་རིམ་བཞིན་ཁ་ཕྱེ་བ་དང་ཉི་འོད་ལམ་ལམ་གྱི་འོག་ཏུ་གངས་ལྟར་དཀར་བའི་སྲིང་བལ་ལས་མུ་ཏིག་ལྟ་བུའི་འོད་མདངས་འཚེར་བཞིན་ཡོད། དེས་ན། སྐབས་དེར་སྐོམ་པས་རབ་ཏུ་གདུངས་པའི་ས་ཆ་དམར་པོ་དེར་སེང་རས་དཀར་པོ་ཞིག་གཡོགས་པ་དང་གཉིས་སུ་མ་མཆིས། སྲིང་བལ་འདེབས་མཁན་ཞིང་པ་ཚོས་མཛུབ་མོ་སྲིང་བལ་སྡོང་པོའི་བར་དུ་ཕར་བརྒྱུས་ཚུར་བརྒྱུས་ཀྱིས་སྲིང་བལ་བཏོག་རྗེས་སྐེད་པར་བཏགས་པའི་རས་ཁུག་ཏུ་བླུག་གི་ཡོད། ནམ་དུས་དེ་ནི་ཞིང་དུད་ཚོའི་ངོས་ནས་བཤད་ན་ལོ་གཅིག་ནང་ལས་བྲེལ་ཆེ་ཤོས་དང་རེ་སྒུག་ཆེ་ཤོས་ཀྱི་དུས་ཤིག་རེད།

    ཉེ་བའི་ལོ་ཤས་རིང་། སྲིང་བལ་ཐོན་ལས་དེ་མ་ལ་ཝེའི“2063ལོའི་ཕུགས་འདུན”དང“རྒྱལ་ཁབ་ཀྱི་ཕྱིར་གཏོང་འཐབ་ཇུས”ནང་བཅུག་པ་དང་། སྲིད་གཞུང་གིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ་སྲིང་བལ་འདེབས་འཛུགས་དང་། འཁེལ་འཐག་ཐོན་རྫས་ལས་སྣོན། ཐོན་རྫས་ཕྱིར་གཏོང་སོགས་ལ་སྐུལ་འདེད་བཏང་ཡོད། ད་དུང《སྲིང་བལ་བཅའ་ཁྲིམས》བཏོན་པ་དེས་སྲིང་བལ་འདེབས་འཛུགས་དང་། ལས་སྣོན། ཕྱིར་འཚོང་། ཕྱིར་གཏོང་ནང་འདྲེན་སོགས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལས་དོན་སྔར་བས་ཚད་ལྡན་དུ་བཏང་ཡོད་པ་རེད།

    རིན་གོང་འགན་ལེན་བྱེད་པའི་ཐད་སྲིད་གཞུང་གིས་སྲིང་བལ་ལས་འཛིན་ལྷན་ཚོགས་བརྒྱུད་ནས། འབྲུ་ལྡན་སྲིང་བལ་ཉོ་སྒྲུབ་ཀྱི་རིན་གོང་དམའ་ཤོས་གཅིག་གྱུར་བཟོས་ཡོད། 2024ཡི་ལོ་སྨད་ནས་2025ཡི་ལོ་འཁོར་མོའི་ཚོང་སྒྱུར་དུས་ཚིགས་སུ་སྤྱི་རྒྱ་རེར་ཁོ་ཝ་ཁྲ་1400(མི་དམངས་ཤོག་སྒོར་1དང་མ་ལ་ཝུའེ་ཡི་ཁོ་ཝ་ཁྲ་256ཕལ་ཆེར་མཚུངས)ཡིན་པ་དང་། 2025ཡི་ལོ་སྨད་ནས་2026ཡི་ལོ་འཁོར་མོའི་ཚོང་སྒྱུར་དུས་ཚིགས་སུ་ཁོ་ཝ་ཁྲ་1500བར་སྤར་ཡོད་པས། ཞིང་དུད་ཀྱི་ཡོང་འབབ་དང་འདེབས་འཛུགས་ཀྱི་ཧུར་སེམས་ཆེ་རུ་ནུས་ལྡན་ཕྱིན་ཡོད། དེས་ན། 2025ལོའི་ཚོང་སྒྱུར་དུས་ཚིགས་སུ་མ་ལ་ཝུའེ་ལ་སྲིང་བལ་ཕྱིར་ཚོང་ལས་ཁོ་ཝ་ཁྲ་དུང་ཕྱུར་74རག་ཡོད། 2026ལོའི་ཟླ་5ཚེས་25ཉིན། 2025ལོའི་ལོ་སྨད་ནས་2026ལོའི་ལོ་འཁོར་མོའི་སྲིང་བལ་ཚོང་སྒྱུར་དུས་ཚིགས་དངོས་སུ་འགོ་ཚུགས་ཤིང་དུས་ཡུན་ཉིན་90ཡིན་པ་རེད། སྔོན་དཔག་བྱས་ན་ཏུན་22894ཙམ་གྱི་ཐོན་འབོར་ཁྲོད་ནས་ཡོང་འབབ་ཁོ་ཝ་ཁྲ་དུང་ཕྱུར་270ཙམ་རག་རྒྱུ་རེད། སྲིང་བལ་ལས་འཛིན་ལྷན་ཚོགས་ཀྱིས་སྔོན་དཔག་བྱས་ན། 2026ལོར་སྲིང་བལ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་ཁྲི་2620བར་འཕར་རྒྱུ་ཡིན་པ་དེ་དུས་མཚུངས་ལས་523.8%འཕར་རྒྱུ་རེད། འཕར་ཚད་དེ་ནི་སྲིང་བལ་གྱི་འདེབས་ཁྱོན་དང་ཐོན་འབབ་ཆེས་ཆེར་འཕར་བ་ལས་བྱུང་བ་ཞིག་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།