སྤྱི་འདོམས་ཁུལ་ཚང་མར་ལོ་འཁོར་གོང་མའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་གཙང་རྩིས་ལེགས་གྲུབ་བྱུང་བ།
གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་སྤྱི་འདོམས་ས་ཁུལ་ཚང་མའི་2025ལོའི་ལོ་འཁོར་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་གཙང་རྩིས་ལས་དོན་དེ་ཟླ་5ཚེས་27ཉིན་གྱི་གོང་ལ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་པ་དང་དེའི་ནང་སྤྱི་འདོམས་ས་ཁུལ་154ཡི་གཙང་རྩིས་ཟླ་3པའི་ཟླ་མཇུག་གོང་ལེགས་གྲུབ་ཟིན་པ་རེད།
2025ལོར། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་གཙང་རྩིས་སྤུས་འབྲས་ལེགས་གཉེར་གྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཏེ་གཙང་རྩིས་བརྒྱུད་རིམ་ལེགས་སུ་ཧུར་ཐག་བཏང་ནས་གཙང་རྩིས་དུས་འཁོར་ཐུང་དུ་བཏང་ཡོད། གྲངས་གཞི་ལས་མངོན་པར། 2025ལོར་འགན་བཅོལ་ནང་ཞུགས་མཁན་གྱིས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་བཏང་བའི་སྨན་རིན་ནང་ནས་སྨན་བཅོས་འགན་བཅོལ་ཐེབས་རྩས་ཁྱོན་སྒོར་དུང་ཕྱུར་ཁྲི་2.74གཏོང་སྤྲོད་བྱས་པ་རེད། གཏོང་སྤྲོད་ཀྱི་གྲུབ་ཆར་བལྟས་ན། ཟླ་རེའི་དུས་རྩིས་གཏོང་སྤྲོད་མ་དངུལ་ཁྱོན་སྒོར་དུང་ཕྱུར་ཁྲི་2.60ཟིན་པ་དེས་གཏོང་སྤྲོད་བསྡོམས་འབོར་གྱི་94.7%བཟུང་བ་དང་། ལོ་འཁོར་གྱི་གཙང་རྩིས་གཏོང་སྤྲོད་མ་དངུལ་ཁྱོན་སྒོར་དུང་ཕྱུར་ཁྲི་0.14ཟིན་པ་དེས་གཏོང་སྤྲོད་བསྡོམས་འབོར་གྱི་5.3%བཟུང་ཡོད། ལོ་གསུམ་གོང་དང་བསྡུར་ན་ལོ་འཁོར་གྱི་གཙང་རྩིས་གྱིས་བཟུང་བའི་བསྡུར་ཚད་བརྒྱ་ཆའི་གྲངས་3ཙམ་ཆག་པ་དང་། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་འབོར་ཆེན་ཞིག་རྒྱུན་དུ་ནས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་སྤྲད་པ་དང་མ་དངུལ་གཙང་རྩིས་སྔ་སྣུར་ནས་ལེགས་སྒྲུབ་བྱས་པས་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་གཉེར་སྐྱོང་གནོན་ཤུགས་ཆུང་དུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།