ཧའེ་ནན་ཚོང་ལས་མཁའ་སྐྱོད་འཕེན་གཏོང་ར་བའི་དུས་ཐེངས་གཉིས་པའི་འཕེན་གཏོང་ཁུལ་གྱི་ས་རྡོའི་ཨར་ལས་ལེགས་གྲུབ་ཟིན་པ།

འདི་ནི་ཧའེ་ནན་ཚོང་ལས་མཁའ་སྐྱོད་འཕེན་གཏོང་ར་བའི་དུས་ཐེངས་གཉིས་པའི་འཕེན་གཏོང་ཁུལ་ཡིན་པ།
ཚེས་24ཉིན། ཧའེ་ནན་ཚོང་ལས་མཁའ་སྐྱོད་འཕེན་གཏོང་ར་བའི་དུས་ཐེངས་གཉིས་པའི་འཕེན་གཏོང་ཁུལ་གྱི་འཛུགས་སྐྲུན་ཕྱོགས་སྡོམ་དང་སྒྲིག་ཆས་ཚོད་སྙོམ་གྱི་མཉམ་སྦྱོང་སྐུལ་སློང་ཚོགས་འདུ་འཕེན་གཏོང་ལས་གནས་གསུམ་པར་འཚོགས་པ་དེ་ཐོག་ནས་འཕེན་གཏོང་ར་བའི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་ས་རྡོའི་ཨར་ལས་ལེགས་གྲུབ་ཟིན་ནས་སྒྲིག་ཆས་ཚོད་སྙོམ་གྱི་མཉམ་སྦྱོང་དུས་མཚམས་སུ་སླེབས་པ་མཚོན་ཡོད།
དུས་ཐེངས་གཉིས་པའི་རྣམ་གྲངས་དེ་ཝུན་ཁྲང་གྲོང་ཁྱེར་ཏུང་ཅའོ་གྲོང་རྡལ་དུ་གནས་པ་དང་། མཁའ་སྐྱོད་ལམ་ཆེན་དང་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་འཁྲིས་སུ་གནས་པར་ས་ཁྱོན་མུའུ་1100ཡོད་ཅིང་། གཙོ་བོ་འཕེན་གཏོང་ཁུལ་དང་ལག་རྩལ་ཁུལ་སོགས་བསྐྲུན་རྒྱུ་ཡིན་པ་དང་། བསྐྲུན་ཟིན་རྗེས་དུས་ཐེངས་དང་པོ་དང་མཉམ་དུ་ལོ་རེར་འཕེན་གཏོང་ཐེངས་60ཐུབ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།