ལོ་སྟོད་དུ་ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན་སྤ་སེའི་ཡོང་འབབ་དུས་མཚུངས་ལས་9.41%འཕར་བ།
ཚེས་24ཉིན། ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་སུ་ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན(རོལ་རྩེད་ཁང་གི་འཁྲབ་སྟོན་ཚུད་མེད་པ)ཐེངས་ཁྲི་32.43བྱས་པ་དེ་དུས་མཚུངས་ལས་1.96%འཕར་བ་དང་། སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་304.08ཟིན་པ་དེ་དུས་མཚུངས་ལས་9.41%འཕར་བ། ལྟད་མོ་བ་མི་ཐེངས་ཁྲི་9881.18ཟིན་པ་དེ་དུས་མཚུངས་ལས་5.28%འཕར་ཡོད་པ་རེད།
ལོ་སྟོད་དུ་འཁྲབ་སྟོན་ཁྲོམ་རའི་གཞི་ཁྱོན་བརྟན་པོ་འཕར་བ་དང་འཁྲབ་སྟོན་ལས་རིགས་ཀྱི་སྤུས་ཚད་མཐོར་གཏོང་རིམ་སྤོར་བྱུང་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་ཀྱང་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
གླུ་གར་མཚན་ཚོགས་ཆེ་གྲས་དང་རོལ་དབྱངས་དུས་ཆེན་གྱི་ཁྲོམ་རའི་ཚ་རླབས་རྒྱུན་མཐུད་འཕྱུར་ནས། ལས་རིགས་དང་ཁྱབ་ཁོངས་ལས་བརྒལ་བའི་ཐོན་ལས་དབར་མཉམ་ལས་ཡང་སེ་བྱས་ཡོད། ལོ་སྟོད་དུ་མི་5000ཡན་གྱི་གླུ་གར་མཚན་ཚོགས་དང་རོལ་དབྱངས་དུས་ཆེན་སོགས་ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན་ཆེ་གྲས་ཁྲི་0.13བྱས་པ་དེ་དུས་མཚུངས་ལས་13.06%འཕར་བ་དང་། སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་171.11ཟིན་པ་དེ་དུས་མཚུངས་ལས་17.70%འཕར་བ། ལྟད་མོ་བ་མི་ཐེངས་ཁྲི་2328.28ཟིན་པ་དེ་དུས་མཚུངས་ལས་20.37%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།