དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་འགྲེམས་ཚོགས་སྐབས་34པ་ཧང་ཀྲོའུ་རུ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-27


    འདི་ནི་ཀློག་པ་པོས་རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་འགྲེམས་ཚོགས་སྐབས་34པའི་ཀྲུང་གོ་དཔེ་སྐྲུན་ཚོགས་པའི་འགྲེམས་ཁུལ་ནས་རིག་གནས་བསམ་བཀོད་ཐོན་རྫས་འདེམས་ཉོ་བྱེད་བཞིན་པ།

    འདི་ནི་ཀློག་པ་པོ་ཆུང་ཆུང་ཞིག་གིས་རྒྱལ་ཡོངས་དཔེ་དེབ་ཉོ་ཚོང་འགྲེམས་ཚོགས་སྐབས་34པའི་ཧྲང་ཧའེ་འགྲེམས་ཁུལ་དུ་དཔེ་དེབ་ལྟ་བཞིན་པ།

    ཟླ་7ཚེས་24ཉིན། རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་འགྲེམས་ཚོགས་སྐབས་34པ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། སྐབས་འདིའི་དཔེ་དེབ་འགྲེམས་ཚོགས་ཀྱིས“རིག་དཔལ་དར་བའི་ཀྲུང་གོ དཔེ་ཀློག་གི་ངོ་མཚར་ཉམས་འགྱུར”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། རྒྱལ་ཡོངས་ཀྱི་འགྲེམས་ཞུགས་ཚན་པ་ཆིག་སྟོང་ལྷག་ཙམ་གཅིག་སྡུད་བྱས་པ་དང་དྲ་ཐོག་དང་དྲ་ཕྱི་ནས་དཔེ་དེབ་སྣ་ཁ་ཁྲི་བརྒྱ་ཙམ་འགྲེམས་ཚོང་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།