ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་གྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་པར་ནད་གསོའི་ལས་སྒོ་གསོ་སྦྱོང་བྱས་པ།
གཞི་རིམ་གྱི་དབང་པོ་སྐྱོན་ཅན་ལས་དོན་པའི་དཔུང་ཁག་གི་ཆེད་ལས་བྱང་ཚད་དང་ནད་གསོའི་ཞབས་ཞུའི་ལག་ལེན་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་2026ལོའི་གཞི་རིམ་དབང་པོ་སྐྱོན་ཅན་གྱི་ལས་དོན་པར་ནད་གསོའི་ལས་སྒོའི་ཆེད་དོན་གསོ་སྦྱོང་བྱས་པ་རེད།
ད་རེས་ཀྱི་སློབ་ཚན་ཐོག་འཐབ་ས་དང་པོའི་ལས་སྒྲུབ་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་ལས་སྒོའི་རྐང་འཛིན་པ་གདན་དྲངས་ཏེ་ཆེད་དོན་སློབ་ཁྲིད་བྱས་ནས། སློབ་ཁྲིད་བྱེད་སྟངས་གསར་གཏོད་ཀྱིས་རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་། ལག་ལེན་དངོས་ཀྱི་སློབ་ཁྲིད། དཔེ་མཚོན་ནང་དོན་བགྲོ་གླེང་། ས་ཡུལ་དངོས་ཀྱི་སྤེལ་རེས་དང་དོགས་གནད་ལ་ལན་འདེབས་པ་སོགས་བྱེད་སྟངས་སྣ་ཚོགས་སྤྱད་ཡོད། གསོ་སྦྱོང་ནང་དོན་ཁྲོད་དབང་སྐྱོན་སྔོན་འགོག་གི་མ་ལག་འཛུགས་སྐྱོང་དང་། ནད་གསོའི་གཞི་རྩའི་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་དངོས། རྐང་ལག་སྐྱོན་ཅན་གྱི་ཁྱིམ་སྡོད་ནད་གསོའི་གསོ་སྦྱོང་། རམ་འདེགས་ཡོ་བྱད་འཚམ་སྒྲིག་གི་ཞབས་ཞུ་སོགས་ཚུད་པ་མ་ཟད། རིགས་པའི་གཞུང་ལུགས་ཀྱི་ནང་དོན་དང་ལག་ལེན་དངོས་ཀྱི་རྩལ་ནུས་གཉིས་ཀ་བསླབས་པས་སྦྱོང་བརྡར་ནང་ཞུགས་མཁན་གྱིས་གོ་ཐུབ་པ་དང་། སྦྱོང་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་གྱི་ལས་སྒོའི་མཛུབ་ཁྲིད་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་འཐབ་ས་དང་པོར་ཞབས་འདེགས་ཞུ་བའི་དཀའ་གནད་དང་འགག་གནད་དུས་བཀག་ཐོག་ནང་བསྡུ་རུབ་བྱས་ཏེ། གསོ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་དང་གཞི་རིམ་གྱི་ནད་གསོའི་ཞབས་ཞུའི་ནུས་པ་བརྟན་པོའི་ངང་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཐོག་དབང་པོ་སྐྱོན་ཅན་ལ་ཕན་འདོགས་པའི་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པ་དང་མང་ཚོགས་ལ་ཕན་པའི་འགན་ལེན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།