《རབ་བྱུང་གཅིག་གི་འཕོ་འགྱུར། དུས་རབས་ཀྱི་མེ་ལོང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ངག་ཐོག་ལོ་རྒྱུས》ཀྱི་པར་ཕུད་ཡོངས་བསྒྲགས་ཚོགས་འདུ་ཧང་ཀྲོའུ་རུ་འཚོགས་པ།

འདི་ནི《རབ་བྱུང་གཅིག་གི་འཕོ་འགྱུར། དུས་རབས་ཀྱི་མེ་ལོང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ངག་ཐོག་ལོ་རྒྱུས》ཀྱི་པར་ཕུད་ཡོངས་བསྒྲགས་ཚོགས་འདུ་འཚོག་ཡུལ་ཡིན་པ།
ཟླ་7ཚེས་24ཉིན། རྒྱལ་ཡོངས་ཀྱི་དཔེ་དེབ་ཉོ་ཚོང་འགྲེམས་ཚོགས་སྐབས་34པ་ཀྲེ་ཅང་ཧང་ཀྲོའུ་རུ་འགོ་ཚུགས་ཤིང་། དེ་ཉིན། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་རྩོམ་སྒྲིག་བྱས་པ་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པའི《རབ་བྱུང་གཅིག་གི་འཕོ་འགྱུར། དུས་རབས་ཀྱི་མེ་ལོང་། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ངག་ཐོག་ལོ་རྒྱུས》ཀྱི་པར་ཕུད་ཡོངས་བསྒྲགས་ཚོགས་འདུ་ཧང་ཀྲོའུ་རུ་འཚོགས་པ་དང་། དཔེ་སྐྲུན་ཚན་པ་དང་། གཙོ་སྒྲིག་མི་སྣ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་གདན་དྲངས་ཏེ་དཔེ་སྐྲུན་གྱི་རིན་ཐང་དང་། གསར་རྩོམ་གྱི་བརྒྱུད་རིམ། རིག་གཞུང་ཞིབ་འཇུག་སོགས་ཀྱི་མྱོང་བ་མཉམ་སྤྱོད་བྱས་ནས། གངས་ལྗོངས་ཀྱི་བརྩམས་ཆོས་རྩེ་གྲར་མཉམ་དུ་གཟིགས་དཔྱད་དང་བོད་ཀྱི་དུས་རབས་ཀྱི་འཕོ་འགྱུར་ལ་རྒྱུས་ལོན་བྱས་པ་རེད།
དེབ་འདིའི་ཐོག་མའི་དཔྱད་གཞི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི“རབ་བྱུང་གཅིག་གི་འཕོ་འགྱུར། དུས་རབས་ཀྱི་མེ་ལོང”ཞེས་པའི་རིམ་སྤེལ་ངག་ཐོག་ལོ་རྒྱུས་ཀྱི་འཕྲིན་སྤེལ་ཡིན་པ་དང་། རྩོམ་སྒྲིག་ཚོགས་པས་དམངས་ཁྲོད་ཀྱི་དུས་རབས་ཀྱི་སྐད་སྒྲ་བརྒྱུད་རིམ་ལྡན་པའི་ངང་འཚོལ་བསྡུ་དང་། ལེགས་སྒྲིག ཉར་ཚགས་བཅས་བྱས་ནས་གསོན་ཉམས་དོད་པའི་མི་སྒེར་གྱི་གླེང་བརྗོད་དེ་ཡུན་རིང་གི་ལོ་རྒྱུས་ཡིག་ཚགས་སུ་བཟོས་ཏེ། གཟབ་ཅིང་ནན་པའི་གསར་རྩོམ་ཐོག་ནས་གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོ་ཟིན་ཐོར་བཀོད་ཡོད། དཔེ་དེབ་ཧྲིལ་པོའི་ནང“དངོས་སུ་བརྒྱུད་མྱོང་མཁན་གྱི་ངག་ཐོག་གླེང་བརྗོད་དང་། རྩ་ཆེའི་ཡིག་ཚགས། གསར་འགོད་པའི་ཁ་གསབ”བཅས་མཉམ་དུ་འབྲེལ་བའི་དོན་བརྗོད་བྱ་ཐབས་གསུམ་ལ་བརྟེན་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་། རང་སྐྱོང་ལྗོངས་དབུ་བརྙེས་པ། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་སོགས་མཚོན་རྟགས་རང་བཞིན་གྱི་ལོ་རྒྱུས་ཀྱི་མཚམས་ཚིགས་རབ་དང་རིམ་པ་གནད་སྨིན་འབྲེལ་མཐུད་བྱས་ཏེ། བོད་ཀྱི་ལོ་ངོ་60ཡི་འཕེལ་རྒྱས་ཆེན་པོ་གསོན་ཉམས་དོད་པོས་མཚོན་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གངས་ལྗོངས་ས་མཐོར་གསོན་ཉམས་དོད་པོས་ལག་ལེན་བྱས་ཚུལ་གསལ་འགྲེལ་གཏིང་ཟབ་བྱས་པས། དེ་ནི་བོད་ལྗོངས་བརྗོད་དོན་གཙོ་བོར་བཟུང་བའི་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ངག་ཐོག་ནས་ལོ་རྒྱུས་ཟིན་ཐོར་འགོད་པའི་དཔེ་མཚོན་བརྩམས་ཆོས་ཤིག་རེད།
འབྲེལ་ཡོད་གསར་འགྱུར།