དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཏུན་9000རིམ་པའི་རླུང་སྐྱིའི་འབྲུ་མཛོད་ཁག་དང་པོའི་ནང་འབྲུ་རིགས་ཐོག་མར་བཅུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-27


    ཟླ་7ཚེས་24ཉིན། རང་རྒྱལ་གྱིས་བཟོས་པའི་ཏུན་9000རིམ་པའི་རླུང་སྐྱིའི་འབྲུ་མཛོད་ཁག་དང་པོ་ཀྲུང་གོ་འབྲུ་རིགས་གསོག་འཇོག་དོ་དམ་ཚོགས་པ་ཚད་ཡོད་ཀུང་སི་ཁྲང་ཧྲ་ཐད་གཏོགས་འབྲུ་མཛོད་བསྐྲུན་ཟིན་ནས་འབྲུ་རིགས་ཐོག་མར་བཅུག་པ་དེ་ཐོག་ནས་རང་རྒྱལ་གྱི་འབྲུ་མཛོད་རབས་བཞི་པ་ཉེར་སྤྱོད་ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད།

    ཚད་ལྡན་ཅན་གྱི་རླུང་སྐྱིའི་འབྲུ་མཛོད་གསར་པ་ཁག་5ཡི་མཛོད་ཁང་རེ་རེའི་ཤོང་ཚད་ཏུན་9000ཟིན་པ་དང་། འབྲུ་མཛོད་ཀྱི་སྤྱིའི་ཤོང་ཚད་ཏུན་ཁྲི་4.5ཟིན་པ། འབྲུ་མཛོད་རེ་རེའི་ཚངས་ཐིག་ལ་སྨི་24དང་མཐོ་ཚད་ལ་སྨི་33.6ཡོད་ཅིང་། འདི་ནི་རང་རྒྱལ་གྱི་ཏུན་9000རིམ་པའི་རླུང་སྐྱིའི་འབྲུ་མཛོད་ཁག་དང་པོའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།