དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2028ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཁྱབ་ཁོངས་ནང་གྲོང་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ནུས་རྒྱུ་དྲ་བའི་ཚོད་ལྟའི་རྣམ་གྲངས་ཁག་གཅིག་བསྐྲུན་ཟིན་པ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-26

    ཉིན་ཤས་གོང་། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《གྲོང་གསེབ་ཀྱི་ནུས་རྒྱུ་གསར་བརྗེར་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ནུས་རྒྱུ་དྲ་བ་སྐྲུན་པའི་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་པའི་ནང་། 2028ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཁྱབ་ཁོངས་ནང་གྲོང་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ནུས་རྒྱུ་དྲ་བའི་ཚོད་ལྟའི་རྣམ་གྲངས་ཁག་གཅིག་བསྐྲུན་ཟིན་པ་བྱེད་པ་དང་། ཚོད་ལྟའི་རྣམ་གྲངས་གནས་སའི་ས་ཁོངས་ནང་གི་ནུས་རྒྱུ་གཙང་མའི་མཁོ་སྤྲོད་འགན་ལེན་མ་ལག་རྩ་བའི་ཆ་ནས་བཙུགས་ཟིན་པ། འཁོར་སྐྱོད་ལམ་སྲོལ་དང་བདེ་འཇགས་སྤུས་ཚད་སོགས་ཀྱི་དོ་དམ་མ་ལག་རྩ་བའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་བ། ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་རྩ་བའི་ཆ་ནས་གནད་སྨིན་འཐུས་ཚང་ཡོང་བ་བཅས་བྱས་ཏེ། ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་རྩ་བའི་ཆ་ནས་ཆགས་པར་བྱ་རྒྱུ་རེད། 2030ལོའི་ལོ་མཇུག་ཏུ་ཚོད་ལྟའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་ཚགས་ཚུད་པའི་བྱེད་སྟངས་གྲོང་གསེབ་ཏུ་ལག་བསྟར་ནུས་ལྡན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།