དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་བཞིས་འཆར་འགོད་བཀྲམ་ནས།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནགས་ལས་དང་རྩྭ་ཐང་སྲུང་སྐྱོང་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-26

    གསར་འགོད་པར་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ནོར་སྲིད་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་དང་མཉམ་དུ《ནགས་ལས་དང་རྩྭ་ཐང་སྲུང་སྐྱོང་བེད་སྤྱོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཀྲམ་པ་རེད། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ནགས་ལས་དང་རྩྭ་ཐང་ཁྱབ་ཁོངས་ཀྱིས་གཙོ་གནད་ལས་འགན་ཁག་6དང་གཙོ་གནད་ལས་གྲྭ་ཁག་9ལ་དམིགས་ཏེ་ཆུ་ཚད་མཐོ་པོས་ནགས་ལས་དང་རྩྭ་ཐང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་རྒྱུ་རེད། 2030ལོར་སླེབས་སྐབས་ནགས་རྩྭ་ཁེབས་ཚད་56.4%དང་། ནགས་ཚལ་ཁེབས་ཚད་25.8% ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་224 ནགས་རྩྭའི་ཐོན་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་14ཟིན་པ་དང་། “བྱང་གསུམ”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་དམག་འཐབ་ཆེན་པོ་གསུམ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ། རང་བྱུང་སྲུང་སྐྱོང་ཁུལ་བསྡུ་སྒྲིལ་དང་ལེགས་འགྱུར་ལེགས་གྲུབ། ནགས་ཚལ་དང་། རྩྭ་ཐང་། འདམ་ར། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་མཐོ་རུ་དང་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་སྣ་མང་མཁོ་སྤྲོད་དང་འཛད་སྤྱོད་ཀྱི་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ། ནགས་ལས་དང་རྩྭ་ཐང་ཐོན་ལས་སྐམ་རིམ་གསར་པ་ཞིག་ཏུ་སླེབས་པ་བཅས་ཀྱི་བརྩོན་ལེན་བྱ་རྒྱུ་རེད།

    《འཆར་འགོད》ནང་བཏོན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ནགས་ལས་དང་རྩྭ་ཐང་ཁྱབ་ཁོངས་སུ་གཙོ་གནད་ལས་འགན་ཁག་6བཀོད་སྒྲིག་དང་སྐུལ་འདེད་གཏོང་རྒྱུའི་ནང་། ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ནགས་ལས་དང་རྩྭ་ཐང་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བ། སྐྱེ་ཁམས་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་མཐུན་སྦྱོར་ཤུགས་སྣོན་རྒྱག་པ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་སྐུལ་སྤེལ་དང་སྒོ་དབྱེ་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་ཚུད་ཡོད།

    གཞན་ཡང་། 《འཆར་འགོད》ནང་ཚན་རིག་དང་མཐུན་པའི་སྒོ་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་སྐོར་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ཀྱི་བླང་བྱ་དོན་འཁྱོལ་ཞིབ་ཚགས་བྱས་ནས། ནགས་ཚལ་དང་རྩྭ་ཐང་གི་གཙོ་གནད་ལས་གྲྭ་ཁག་9བཀོད་སྒྲིག་བྱས་ཡོད་དེ། གཅིག་ནི“བྱང་གསུམ”གྱི་དུས་ཐེངས་དྲུག་པའི་ལས་གྲྭ་ཡིན་ཞིང་། བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་རྒྱུར་དམིགས་ནས་བྱེ་འགོག་བྱེ་བཅོས་གཙོ་བོར་བྱས་ཏེ། འཛུགས་སྐྲུན་དང་སྲ་བརྟན་གྱི་ལས་འགན་སྣ་ཚོགས་མུའུ་དུང་ཕྱུར་3ཡན་ལེགས་སྒྲུབ་བྱེད་པ་དང་། གཉིས་ནི་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་ཡིན་ཞིང་། འབྲི་ཆུའི་གཙོ་གནད་སྐྱེ་ཁམས་ཁུལ་སོགས་སྐྱེ་ཁམས་སྲུང་བཅད་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་རྒྱལ་ཁབ་ས་ཆ་སྔོ་འགྱུར་ལས་འགན་མུའུ་དུང་ཕྱུར་1ཡན་ལེགས་སྒྲུབ་བྱེད་པ། གསུམ་ནི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལས་གྲྭ་ཡིན་ཞིང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཀྱི་སྤྱི་གླིང་གསར་པ་གོ་རིམ་ལྡན་པའི་སྒོ་ནས་འཛུགས་པ། བཞི་ནི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལས་གྲྭ་ཡིན་ཞིང་། ཧ་ཅང་སྟོངས་ལ་ཉེ་བའི་རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་རིགས་165མྱུར་སྐྱོབ་རང་བཞིན་གྱི་སྒོ་ནས་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་གཏོང་བ་དང་། དུས་བྱ་གནས་སྤོའི་ལམ་ལ་སྲུང་སྐྱོང་དང་ཉམས་གསོའི་ཀྲུང་གོའི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ། ལྔ་ནི་ནགས་ཚལ་གྱི་སྤུས་ཚད་ལེགས་སུ་གནད་སྨིན་གཏོང་བའི་ལས་གྲྭ་ཡིན་ཞིང་། ནགས་ཚལ་བདག་སྐྱོང་དང་ནགས་ཚལ་གྱི་གྲུབ་ཆ་དང་ཤིང་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་བཏང་ནས་ནགས་ཚལ་གཉེར་སྐྱོང་རྒྱ་ཁྱོན་མུའུ་དུང་ཕྱུར་1ཡན་ལེགས་གྲུབ་ཡོང་བར་བྱེད་པ། དྲུག་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལས་གྲྭ་ཡིན་ཞིང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་དང་མེ་གསོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་གྱི་གནོད་འཚེ་ཕོག་ཚད་ལོར་ཆ་སྙོམས་0.7‰མན་ཆད་དང་1.8‰མན་ཆད་སོ་སོར་ཚོད་འཛིན་བྱེད་པ། བདུན་ནི་ནགས་ལས་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་འགོག་བཅོས་ལས་གྲྭ་ཡིན་ཞིང་། ནགས་ཚལ་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བ་དང་། ནད་ཡམས་ཞིབ་བཤེར་དང་གནོད་འཚེ་འགོག་པ། གནོད་འཚེ་ཉུང་གཏོང་དང་འཕྲལ་སྡོམ་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ནགས་ཚལ་དང་རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་ཀྱིས་གནོད་འཚེ་བཟོས་ཚད་1.5%མན་ཆད་དང་9%མན་ཆད་དུ་སོ་སོར་ཚོད་འཛིན་ཐུབ་པ། བརྒྱད་ནི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་འཕེལ་རྒྱས་ལས་གྲྭ་ཡིན་ཞིང་། ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཤིང་རིགས་འབྲུ་སྣུམ་འཕེལ་རྒྱས་བརྟན་པོ་གཏོང་བ། ཤིང་ཆ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ལོ་མང་སྐྱེ་འཚར་ཐུབ་པའི་མི་ཐབས་རྩྭ་ས་བསྐྲུན་པ། དགུ་ནི་ནགས་ཁུལ་དང་ནགས་རའི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤུས་ཚད་ལེགས་སུ་གཏོང་བའི་ལས་གྲྭ་ཡིན་ཞིང་། ནགས་ཁུལ་དང་ནགས་རའི་ཆུ་དང་། གློག ལམ། དྲ་བ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།