ཧྲན་ཏུང་ཆིང་ཏའོ་རུ“ཧའེ་ཤིས་ཚོད་ལྟ་030”ལས་སྟེགས་ཀྱིས་ཆུ་ཐོག་སྐྱེལ་འདྲེན་གྱི་ཚོད་ལྟའི་ལས་དོན་སྤེལ་བ།

ཟླ་7ཚེས་23ཉིན། ཆིང་ཏའོ་ཧའེ་ཤིས་འཕྲུལ་ཆས་ལྕི་རིགས་ཚད་ཡོད་འགན་འཁྲི་ཀུང་སིས་གསར་དུ་བསྐྲུན་པའི་མཚོ་ཐོག་སྣུམ་ཞིང་གི་མི་200ཡི་འཚོ་བའི་རམ་འདེགས་ལས་སྟེགས་དེ་ཧྲན་ཏུང་ཆིང་ཏའོ་ཧའེ་ཤིས་འཕྲུལ་ཆས་ལྕི་རིགས་གྲུ་ཁ་ནས་ཐོན་ཏེ་ཆིང་ཏའོ་ཆན་ཧའེ་གྲུ་ཁའི་ལྷོ་ཆུའི་ཆུ་ཁོངས་སུ་ལས་སྟེགས་ཀྱི་ཚོད་ལྟའི་ལས་འགན་སྒྲུབ་པར་བསྐྱོད་ཡོད། ལས་སྟེགས་དེའི་གྲུ་གཅལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་1000ཟིན་པ་དེ་སྣུམ་ཞིང་ལ་ཞབས་འདེགས་ཞུ་རྒྱུར་སྤྱོད་པ་དང་འབྲེལ། ལས་སྒྲུབ་ཀྱི་དགོས་མཁོ་གཞིར་བཟུང་ཏུན་100རིམ་པའི་མཚོ་ཐོག་ལྗིད་འདེགས་འཕྲུལ་འཁོར་2སྒྲིག་སྦྱོར་བྱས་ཡོད། ཆིང་ཏའོ་མཚོ་དོན་སྡེ་ཚན་གྱིས་ས་ཡུལ་དངོས་སུ་ཞིབ་དཔྱད་བྱས་པ་བརྒྱུད། གྲུ་གཟིངས་ཀྱིས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་སྦགས་བཙོག་སྔོན་འགོག་དང་། ཉེན་ཟོན་ལྟ་སྲུང་། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་ནས་ལས་སྟེགས་ཚོད་ལྟ་བདེ་བླག་ཡོང་བའི་འགན་སྲུང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།