དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-26

    གསར་འགོད་པར་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་བཀོད་བཀའ་ལན་བྱས་ནས་མོས་མཐུན་བྱས་པ་བརྒྱུད། ཉིན་ཤས་གོང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་ཅུས་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་གཏོང་བའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》མཉམ་དུ་བཀྲམ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ཀྲུང་ལུགས་གསོ་རིག་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

    འཆར་འགོད་ནང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་དམིགས་ཚད་བཏོན་པ་སྟེ། 2030ལོར་སླེབས་སྐབས་དམངས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་གིས་ནད་གཞི་ཚབས་ཆེན་འགོག་བཅོས་བྱེད་པར་ཚད་བརྒལ་གསར་པ་ཡོང་བ། གཞི་རིམ་གྱི་ཞབས་ཞུའི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་བ། རྨང་གཞིའི་ཞིབ་འཇུག་གི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ། ཀྲུང་ལུགས་གསོ་རིག་ཐོན་ལས་ཀྱི་གསར་གཏོད་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ། ཀྲུང་ལུགས་གསོ་རིག་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་སྔར་བས་ཆེ་རུ་གཏོང་བ། ཀྲུང་ལུགས་གསོ་རིག་དར་རྒྱས་གོང་འཕེལ་སྐས་རིམ་གསར་པར་སླེབས་པ་བཅས་བྱས་ནས། མི་ཚང་མར་ཀྲུང་ལུགས་གསོ་རིག་གི་ཞབས་འདེགས་ཞུ་ཐུབ་པ་བྱ་རྒྱུ་དེ་རེད།

    འཆར་འགོད་ནང་། སྨན་བཅོས་དང་། ཚན་རིག་ཞིབ་འཇུག ཤེས་ལྡན་པ། ཐོན་ལས། རིག་གནས། སྒོ་དབྱེ་འཕེལ་རྒྱས་སོགས་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་སྤྱི་འདོམས་བསམ་གཞིག་བྱས་ནས། སྤུས་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ལུགས་གསོ་རིག་གི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་ཀྲུང་ལུགས་གསོ་རིག་གི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ། ཀྲུང་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་ཀྲུང་ལུགས་སྨན་རྫས་ཐོན་ལས་དང་བདེ་ཐང་ཞབས་ཞུར་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་གསོ་རིག་སྒོ་དབྱེ་འཕེལ་རྒྱས་གཏོང་རྒྱ་ཆེ་རུ་གཏོང་བ། ཀྲུང་ལུགས་གསོ་རིག་ལ་གྲངས་རིག་ཅན་གྱི་མཐུན་རྐྱེན་སྦྱོར་ནུས་དང་ཚན་ལྡན་ཅན་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ། ཀྲུང་ལུགས་གསོ་རིག་ཁྱབ་ཁོངས་སྒྱུར་བཅོས་དང་བཅོས་སྐྱོང་ཟབ་ཏུ་གཏོང་བ་སོགས་ཕྱོགས་བཅུའི་ཐད་ཀྱི་གཙོ་གནད་ལས་འགན་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།