ཧའེ་ནན་ཧའེ་ཁོའུ་རུ་དབྱར་གསེང་རིང་སློབ་གྲྭས་བཅོལ་ཉར་ཞབས་འདེགས་ཞུ་འགོ་ཚུགས་པ།

ཟླ་7ཚེས་20ཉིན། ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་24ཡིས་དབྱར་གསེང་གི་བཅོལ་ཉར་ཞབས་འདེགས་ཞུས་ནས་ཁྱིམ་བདག་ལ་དབྱར་གསེང་རིང་ཕྲུ་གུར་ལྟ་རྟོག་བྱེད་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད། སློབ་གྲྭས་ལུས་རྩལ་ཁང་དང་དཔེ་མཛོད་ཁང་གི་སྒོ་ཕྱེ་ནས་དཔེ་ཀློག་དང་། ངལ་རྩོལ། ཚན་རྩལ་སོགས་སྤྲོ་སྣང་ལྡན་པའི་སློབ་ཚན་བཀོད་སྒྲིག་བྱས་ཏེ་སློབ་མའི་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཞིང་། འདི་ནི་ཧའེ་ཁོའུ་གྲོང་ཁྱེར་ཝུའུ་ཡོན་ཧོ་སློབ་གྲྭར་དབྱར་གསེང་རིང་བཅོལ་ཉར་བྱས་པའི་སློབ་མ་ཚོས་ལུས་རྩལ་བྱེད་སྒོ་སྤེལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།