དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱི་འཕེལ་རྒྱས་ཀྱི་སྤུས་ཚད་དང་མྱུར་ཚད་གཉིས་ཀ་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-26

    ཉེ་ཆར། གསར་འགོད་པར“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཆར་འགོད་ལས་དོན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1213.08ཟིན་ནས་ལོར་ཆ་སྙོམས་འཕར་ཚད་8.85%ཟིན་ཏེ་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་ནུས་རྒྱུ་གསར་པ་གཞི་ཁྱོན་ཅན་གྱི་གསར་སྤེལ་བེད་སྤྱོད་ལ་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་གསར་པ་བྱུང་སྟེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་མྱུར་ཚད་གཉིས་ཀ་འཕར་ཡོད།

    མ་འཇོག་འཛུགས་སྐྲུན་ཐད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་990ཡན་ལེགས་སྒྲུབ་ཟིན་ཏེ་ལོར་ཆ་སྙོམས་འཕར་ཚད་27.25%ཟིན་ཡོད། 2025ལོའི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་417.37ཟིན་ཏེ་དུས་མཚུངས་ལས་62.9%འཕར་ཡོད། ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་དངོས་སུ་ཤར་གཏོང་ཐུབ་པ་དང་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཉིང་ཁྲིར་སྐྱོད་འགོ་ཚུགས་ཡོད།

    གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་7169.98བར་འཕར་ནས་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་ཤར་བགྲོད་ཐུབ་ཚད་100%ཟིན་ཡོད། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་བདེ་བླག་ངང་ལས་འགོ་ཚུགས་ནས་ཉིང་ཁྲིའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཕྱོགས་ཡོངས་ནས་འཕེལ་ཡོད།

    དམངས་འཚོའི་འགན་སྲུང་ཐད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་547.41བཏང་སྟེ་དམངས་འཚོ་འགན་སྲུང་ཐད་སྤྱད་པ་དང་། 2025ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་52918དང་སྒོར་29367ཟིན་ནས་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་དངུལ་དང་མ་མཐའི་འགན་སྲུང་གི་རོགས་སྐྱོབ་སོགས་འགན་སྲུང་ཚད་གཞི་ལོ་རེ་བཞིན་འཕར་ནས་དམངས་འཚོའི་བྱ་བ་དངོས་ཁག་43ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།