དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐེ་ལན་དུ་གློག་འཕྲིན་ཁ་བསླུས་དང་མི་འབོར་འདྲེན་འཚོང་ལ་རྡུང་རྡེག་གཏོང་བའི་ཆ་འཕྲིན་བརྗེ་རེས་མ་ལག་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-25

    ཉིན་ཤས་གོང་ཐེ་ལན་གྱི་ཉེན་རྟོག་ཕྱོགས་ཀྱིས་རང་བརྟེན་གསར་སྤེལ་བྱས་པའི“ཁ་བསླུས་དང་མི་འབོར་འདྲེན་འཚོང་གི་ཆ་འཕྲིན་བརྗེ་རེས་དང་མཉམ་འགུལ་གྲངས་གཞིའི་མཛོད”ཀྱི་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ་རེད། མ་ལག་དེ་གསར་སྤེལ་བྱས་པའི་དམིགས་ཡུལ་ནི་གློག་འཕྲིན་ཁ་བསླུས་དང་མི་འབོར་འདྲེན་འཚོང་ལ་རྡུང་རྡེག་གཏོང་བའི་གསང་འཕྲིན་བརྗེ་རེས་ནུས་པར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཁྲིམས་འཛིན་གྱི་མཐུན་སྦྱོར་ལས་ཕྱོད་སྔར་བས་ཆེ་རུ་གཏོང་རྒྱུའི་ཆེད་དུ་རེད། འདི་ནི་ཉེ་ཆར་པང་ཁོག་ཏུ་ཡོད་པའི་ཐེ་ལན་གྱི་ཕྱི་འབྲེལ་པུའུ་ནས་པར་བླངས་པའི་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་དང་བཙན་སྐུལ་ཉེས་གསོག་གི་རྒྱལ་སྤྱིའི་བྱ་སྤྱོད་ཀྱི་གླེང་མོལ་ཚོགས་འདུའི་མཇུག་འགྲིལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།