དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་དགུ་ཡིས་བྱ་ཐབས་ཁག་19བཏོན་ནས།

    ཁྱིམ་ལས་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཚོང་དོན་པུའུ་སོགས་སྡེ་ཚན་9ཡིས་ཁྱིམ་ལས་ཞབས་ཞུའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་ཀྱི་བྱ་ཐབས་འགའ་ཞིག་བཀྲམ་ཞིང་། དེའི་དམིགས་ཡུལ་ནི་མིག་སྔའི་ཁྱིམ་ལས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་འཕྲད་པའི་དཀའ་གནད་བསལ་ནས། ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཁྱིམ་ལས་ཞབས་ཞུའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

    ཁྱིམ་ལས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད། སྲིད་ཇུས་ཀྱི་བྱ་ཐབས་འགའ་ཞིག་ནང་འགན་བཅོལ་ཀུང་སིས་ཁྱིམ་ལས་ཞབས་ཞུའི་ལས་རིགས་དང་འཚམ་པའི་འགན་བཅོལ་ཐོན་རྫས་གསར་སྤེལ་བྱ་རྒྱུར་ལྕག་སྐུལ་གཏོང་བ་དང་། ཁྱིམ་ལས་ཁེ་ལས་དུས་ཡུན་རིང་པོ་ནད་སྐྱོང་ཞབས་ཞུའི་མ་ལག་འཛུགས་སྐྱོང་ནང་ཞུགས་པར་ཁྲིད་སྟོན། བབ་བསྟུན་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བབ་བསྟུན་ལས་ཞུགས་ཀྱི་ཁྱིམ་ལས་ཞབས་ཞུ་བ་འགན་བཅོལ་ནང་ཞུགས་ཚད་མཐོ་རུ་གཏོང་དགོས་པ་བཅས་ཁ་གསལ་བཏོན་ཡོད།

    ལམ་ལུགས་གསར་གཏོད་དང་ལག་ལེན་ལ་ལྕག་སྐུལ་གཏོང་བ་ནི་སྲིད་ཇུས་ཀྱི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་ཡིན་ཞིང་། སྲིད་ཇུས་ཀྱི་བྱ་ཐབས་འགའ་ཞིག་ནང་། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྱིམ་ཚང་གིས་ཐད་ཀར་གླས་པའི་ཁྱིམ་ལས་ཞབས་ཞུ་བའི་ངལ་གསོའི་དུས་ཚོད་དང་གསང་སྲུང་སོགས་ཁེ་དབང་འགན་སྲུང་གི་ཐབས་ལམ་ནུས་ལྡན་ཁྲིམས་ལྟར་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་ཁྱིམ་ལས་ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་ཁྲིད་སྟོན་ལག་དེབ་བཟོས་ཏེ་ཁྱིམ་ལས་ཞབས་ཞུའི་ཚད་ལྡན་གྲོས་མཐུན་ཁྱབ་བསྒྲགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།

    ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་ཐད། སྲིད་ཇུས་ཀྱི་བྱ་ཐབས་འགའ་ཞིག་ནང་ཁྱིམ་ལས་ཞབས་ཞུའི་འབྲེལ་ཡོད་ལས་རིགས(ལས་སྣ)ཀྱི་རྒྱལ་ཁབ་ལས་རིགས་ཚད་གཞི་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་རིགས་རྩལ་ནུས་ཀྱི་རིམ་པ་གཏན་འཁེལ་བྱེད་སྟངས་ལེགས་སུ་བཏང་བ་དང་། ལས་རིགས་མཐུན་ཚོགས་ཀྱིས་ཁྱིམ་ལས་ཞབས་ཞུ་བའི་ལས་རིགས་རྩལ་ནུས་ཀྱི་རིམ་པ་གཏན་འཁེལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལུགས་བཏོན་ཡོད།

    ཡིད་རྟོན་ཆ་འཕྲིན་ལས་སྟེགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད། སྲིད་ཇུས་ཀྱི་བྱ་ཐབས་འགའ་ཞིག་ནང་ཡིད་རྟོན་ཆ་འཕྲིན་གྱི་ཞིབ་བཤེར་ནུས་པ་ཆེ་རུ་གཏོང་བ་དང་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ལུགས་བཏོན་ཡོད།

    ལས་རིགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་ཆེད། སྲིད་ཇུས་ཀྱི་བྱ་ཐབས་འགའ་ཞིག་ནང་གན་རྒྱའི་མ་དཔེ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚད་གཞི་ཞིབ་བཟོ་དང་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཞབས་ཞུའི་སྤུས་ཚད་གདེང་འཇོག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རིན་གོང་ལྟ་འདོམས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།