དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》ཁྱབ་བསྒྲགས་བྱས་པ།

    ལུས་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་ཆ་ལག་ཚང་བའི་ངང་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-25

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མཆན་གནང་ནས་མོས་མཐུན་ཐོབ་པ་བརྒྱུད། ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས《ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》 ཁྱབ་བསྒྲགས་བྱས་པ་རེད། དེ་ནི“ལུས་རྩལ་རྒྱལ་ཁབ་སྟོབས་ཆེན” བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་ཆེད་དོན་འཆར་འགོད་ཐོག་མ་ཡིན་ཞིང་། དེས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་གང་མགྱོགས་འཛུགས་སྐྲུན་དང་ལུས་རྩལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆ་ལག་ཚང་བའི་ངང་བཀོད་སྒྲིག་བྱས་ཡོད།

    འཆར་འགོད་ནང་། 2030ལོར་སླེབས་སྐབས། ལུས་རྩལ་སྤྱི་ཡོངས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་དང་ཕྱོགས་བསྡུས་རིན་ཐང་དང་སྣ་མང་བྱེད་ནུས་གང་ལེགས་མངོན་པར་བྱས་ནས། ལུས་རྩལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་མཚོན་རྟགས་རང་བཞིན་གྱི་བྱ་གཞག་ལ་འགྱུར་བའི་རྨང་གཞི་དེ་བས་བརྟན་དུ་གཏོང་བར་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཁག་5གཏན་འཁེལ་བྱ་རྒྱུ་སྟེ། མི་རེར་དབང་བའི་ཆ་སྙོམས་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་4ཡས་མས་དང་། རྒྱུན་དུ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་མཁན་མི་གྲངས་ཀྱི་བསྡུར་ཚད་40%ཡས་མས། རྒྱལ་དམངས་ཀྱི་གཟུགས་གཞི་ལེགས་ཚད་31.1% འཛམ་གླིང་གི་ཨང་དང་པོ་ཐོབ་མཁན་གྱི་གྲངས་ཚད་མདུན་གྲལ་དུ་སླེབས་ནས་ལུས་རྩལ་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་7ལྷག་ཙམ་ཟིན་པ་བཅས་བྱ་རྒྱུ་ཡིན་པ་བཏོན་ཡོད།

    འཆར་འགོད་ཀྱི་ནང་དོན་ཆ་ཚང་ལ་ཁྱོན་ཆ་ཤས་11ཡོད་པ་དེ་དག་སྤྱི་བཤད་དང་། གཙོ་གནད་ལས་འགན། འགན་ལེན་བྱེད་ཐབས་བཅས་ནང་དོན་ཆེན་པོ་གསུམ་ལ་ཕྱེ་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་དང་། རྩལ་འགྲན་ལུས་རྩལ། གཞོན་ནུ་ལོ་ཆུང་གི་ལུས་རྩལ། རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། ཕའེ་ཆིའུ་སྤོ་ལོ་བཅས་གསུམ། ལུས་རྩལ་ཐོན་ལས། ལུས་རྩལ་རིག་གནས། ལུས་རྩལ་གྱི་ཕྱི་ཕྱོགས་ལས་དོན་བཅས་དང་དེ་བཞིན་ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་དབར་འགྲོ་འོང་དང་ལུས་རྩལ་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ། ཁྲིམས་སྐྱོང་། ངར་སྨན་གཏན་འགོག བདེ་འཇགས་སོགས་ཐད་ཀྱི་གཙོ་གནད་ལས་འགན་ཁག་38བཏོན་ཡོད། འཆར་འགོད་ནང་ཆེད་སྒྲིག་འདུ་འགོད་8བཀོད་སྒྲིག་ཆ་ཚང་པོ་བྱས་པ་དེ་དག་ལུས་རྩལ་ཐང་གི་སྒྲིག་བཀོད་འཛུགས་སྐྲུན་དང་། ལུས་རྩལ་རྣམ་གྲངས་བཀོད་སྒྲིག སྦྱོང་བརྡར་རྟེན་གཞིའི་རིམ་པ་མཐོར་གཏོང་། རྗེས་གྲབས་ཤེས་ལྡན་པ་གསོ་སྐྱོང་། ལུས་རྩལ་ཚན་རྩལ་གསར་གཏོད། ལུས་རྩལ་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་འགག་རྩའི་ཁྱབ་ཁོངས་ལ་ཁྱབ་ཡོད་པ་རེད།

    འཆར་འགོད་ནང་། ཏང་གིས་ལུས་རྩལ་ལས་དོན་ལ་འགོ་འཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་ཏང་གི་འགོ་ཁྲིད་འཆར་འགོད་ལག་བསྟར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་པ་དང་། ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་སྤྱི་འདོམས་མཐུན་སྦྱོར་དང་། འབྲེལ་མཐུད་ལག་བསྟར། ལྟ་སྐུལ་འགན་ལེན་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྤྱི་འདོམས་མཛུབ་ཁྲིད་དང་མཐུན་སྦྱོར་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། འཆར་འགོད་ལག་བསྟར་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ། འཆར་འགོད་ལག་བསྟར་བྱས་ཚུལ་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན། དུས་དཀྱིལ་གྱི་ཚོད་སྐོར་དང་ཕྱོགས་སྡོམ་གྱི་ཚོད་སྐོར་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།