“བཀྲ་ཤིས་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཕྱི་རྒྱལ་དུ་ལས་འགན་ཐེངས་དང་པོ་སྒྲུབ་པར་བསྐྱོད་པ།

ཀྲུང་གོའི་མཚོ་དམག“བཀྲ་ཤིས་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཕྱི་རྒྱལ་དུ་ལས་འགན་ཐེངས་དང་པོ་སྒྲུབ་པར་སྐྱོད་ཅིང་། སྨན་ཁང་གྲུ་གཟིངས་ནང་ནད་ཐོག་སྨན་བཅོས་ཚན་ཁག་18དང་། གཞོགས་འདེགས་བརྟག་དཔྱད་ཚན་ཁག་5 ཚད་ལྡན་གཤགས་བཅོས་ཁང་8བཅས་ཡོད་པ་དག་གིས་རིགས་མི་འདྲ་བའི་སྨན་བཅོས་བརྟག་དཔྱད་དང་གཤགས་བཅོས་ཁག་60ལྷག་ཙམ་བྱེད་ཐུབ་ཀྱི་ཡོད།
“ཞི་མཐུན་འགན་འཁྲིའི”ལས་འགན་ནི་ཀྲུང་གོའི་མཚོ་དམག་གིས་གཙོ་ཁྲིད་བྱས་ནས་ཕྱི་རྒྱལ་དུ་སྤེལ་བའི་མི་ཆོས་རིང་ལུགས་ཀྱི་སྨན་བཅོས་ཞབས་ཞུའི་ལས་འགན་ཞིག་ཡིན་ཞིང་། 2010ལོ་ནས་བཟུང་ལས་འགན་ཁག་11ལེགས་སྒྲུབ་བྱས་ཡོད། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་དང་བཟོ་སྐྲུན་བྱས་པའི་ཏུན་ཁྲི་རིམ་པའི་ཕྱི་རྒྱལ་ལ་ཕྱོགས་པའི་སྨན་ཁང་གྲུ་གཟིངས་ཨང་གསུམ་པ་སྟེ། “བཀྲ་ཤིས་གྲུ་ཆེན”རྟགས་ཅན་གྱིས་ད་ཐེངས་ཀྱི“ཞི་མཐུན་འགན་འཁྲིའི”ལས་འགན་ཐེངས་བཅུ་གཉིས་པའི་སྒྲུབ་འགན་ཁུར་ཡོད་ཅིང་། འདི་ནི་ཀྲུང་གོའི་མཚོ་དམག་གི“བཀྲ་ཤིས་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ཧྲན་ཏུང་ཆིང་ཏའོ་ཡི་དམག་དོན་གྲུ་ཁ་ཞིག་ནས་ཐོན་ཏེ་ཨ་ཧྥེ་རི་ཁ་དང་ཨེ་ཤེ་ཡ་ལྷོ་མར“2026ལོའི་ཞི་མཐུན་འགན་འཁྲིའི”ལས་འགན་སྒྲུབ་པར་སྐྱོད་བཞིན་པ།
འབྲེལ་ཡོད་གསར་འགྱུར།