དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱིས་མི་སྤྱོད་ཚན་པར་ཞབས་འདེགས་ཞུ་ཐེངས་ལོ་རེར་ཆ་སྙོམས་ཁྲི་5000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-25

    གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་རྒྱལ་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་ཀྱིས་ཁེ་ལས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ནས། ལོ་རེར་ཆ་སྙོམས་མི་སྤྱོད་ཚན་པ་ཐེངས་ཁྲི་5000ལྷག་ཙམ་ལ་ཞབས་འདེགས་ཞུས་པའི་ནང་། 40%ཙམ་ནི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཡིན་པས། མི་ཤུགས་ཐོན་ཁུངས་ཀྱི་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    ན་ནིང་ཟླ་11པའི་ཚུན་དུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་རིགས་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ནས། གྲོང་ཁྱེར་39རུ་སྔོན་ལ་ཚོད་ལྟ་བྱས་ཏེ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་བཏང་བ་རེད། ཚོད་ལྟའི་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཚོད་ལྟའི་ལས་དོན་འཇུག་པར་སྐུལ་འདེད་དང་། ལག་བསྟར་ཇུས་གཞི་བཟོ་བ། སྲིད་ཇུས་དང་བྱེད་ཐབས་ཆ་ཚང་དུ་གཏོང་བ། སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བཟོ་སྐྲུན་ལས་རིགས་སུ་ཤེས་ལྡན་པ་ནང་འདྲེན་བྱེད་པའི་འཆར་གཞི་ཁག་གཅིག་ལག་བསྟར་དང་། བཟོ་སྐྲུན་ལས་རིགས་ཀྱི་མི་ཤུགས་ཐོན་ཁུངས་དོ་དམ་དང་འཚམ་པའི་ཞབས་ཞུའི་ཐོན་རྫས་ཁག་གཅིག་གསར་སྤེལ། མཉམ་འདྲེས་འཕེལ་རྒྱས་ཀྱི་གསར་གཏོད་བྱེད་སྟངས་ཁག་གཅིག་འདོན་པ་བཅས་བྱས་པར། དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད།

    གོམ་སྟབས་རྗེས་མར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། མི་ཤུགས་ཐོན་ཁུངས་ཞབས་ཞུ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཟུང་དུ་འབྲེལ་བའི་འཆར་གཞི་ལག་ལེན་བསྟར་ཏེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་ལ་ཕྱོགས་པའི་བསྒར་འཇུག་རྣམ་པ་དང་གཅིག་འཐུས་རྣམ་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།