ཚན་རྩལ་ལ་བརྟེན་པས་ས་མཐོའི་སྔོ་ཚལ་དང་ཤིང་འབྲས་ཀྱི་ཐོན་འབབ་ལེགས་པ།

འདི་ནི་ཐོན་ལས་གླིང་གི་ལས་མིས་དྲོད་ཁང་ནང་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་པ།

འདི་ནི་ཐོན་ལས་གླིང་གི་ལས་མིས་དྲོད་ཁང་ནང་ཤིང་ཏོག་གི་སྐྱེ་འཚར་ལ་ལྟ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་གིས་རིག་ལྡན་ཞིང་ལས་འཕེལ་རྒྱས་ལ་དམིགས་པ་དང་གྲངས་འཛིན་ཅན་གྱི་ལག་རྩལ་གསར་གཏོད་ཀྱི་ས་མཐོའི་འདེབས་འཛུགས་བྱེད་སྟངས་ལ་བརྟེན་ནས་གླིང་ཁུལ་གྱི་དྲོད་ཁང་ཆེན་པོ་140ལ་རིག་ནུས་ལྟ་འདོམས་སྒྲིག་ཆས་བསྒར་ཏེ། ཚོར་ཆས་ལ་བརྟེན་ནས་དུས་ངེས་མེད་དུ་ཁོར་ཡུག་ལ་ལྟ་ཞིབ་བྱས་པར་དྲོད་ཚད་སྙོམ་པ་དང་། རླུང་བུ་འཁོར་རྒྱུག ཆུ་ལུད་རན་པ་བཅས་གཞི་གཅིག་ཅན་དང་རང་འགུལ་ཅན་གྱི་གཡོག་བྱེད་བྱེད་སྟངས་མངོན་འགྱུར་བྱུང་ནས་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་འདུ་ཤེས་ལག་ལེན་བསྟར་ཡོད།
འབྲེལ་ཡོད་གསར་འགྱུར།