མངའ་རིས་ས་ཁུལ་གྱི་120མྱུར་སྐྱོབ་བཀོད་གཏོང་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ།
ཉིན་ཤས་གོང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་120མྱུར་སྐྱོབ་བཀོད་གཏོང་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་མངའ་རིས་ཀྱི་ས་ཁོངས་ཧྲིལ་པོར་ཁྱབ་པའི་སྨན་ཁང་ཕྱི་རོལ་གྱི་མྱུར་སྐྱོབ་གཅིག་གྱུར་བཀོད་འདོམས་ལས་སྟེགས་ཐོག་མ་སྤྱོད་འགོ་ཚུགས་པ་མཚོན་གྱི་ཡོད། སླད་ཕྱིན་ས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚང་མས་གཅིག་གྱུར་གྱི་མྱུར་སྐྱོབ་ཐད་གཏོང་ཁ་པར“120”བརྒྱབ་ནས་མྱུར་སྐྱོབ་ཐོབ་ཐབས་བྱེད་ཆོག་གི་ཡོད་པ་རེད།
མངའ་རིས་ས་ཁུལ་གྱི་ས་རྒྱ་ཆེ་བ་དང་འབྲོག་པ་ཁ་ཐོར་དུ་གནས་པས། སྨན་ཁང་ཕྱི་རོལ་གྱི་མྱུར་སྐྱོབ་ལས་དོན་ཐད་དུས་ཡུན་རིང་པོར་ལམ་ཐག་རིང་བ་དང་། གནས་གཏན་འཁེལ་དཀའ་བ། ཐོན་ཁུངས་ཁ་ཐོར་བ་སོགས་ཀྱི་དཀའ་གནད་མང་པོ་འཕྲད་ཡོད། མིག་སྔར་ལྟེ་གནས་དེས་གཅིག་གྱུར་ཐོག་རེ་ཞུ་དང་ལེན་དང་རིམ་པ་ཕྱེ་ནས་མངགས་གཏོང་བྱེད་པའི་བྱེད་སྟངས་སྤྱད་དེ། མང་ཚོགས་ཀྱི་མྱུར་སྐྱོབ་རེ་ཞུ་འབྱོར་རྗེས་བཀོད་གཏོང་པས་དེ་མཚུངས་ཀྱི་རྫོང་ཁོངས་ཀྱི་མྱུར་སྐྱོབ་ས་ཚིགས་དང་མགྱོགས་མྱུར་འབྲེལ་གཏུག་བྱེད་པ་དང་ཆབས་ཅིག མྱུར་སྐྱོབ་རླངས་འཁོར་དང་སྨན་དོན་མི་སྣ་སྨན་བཅོས་བྱེད་པར་བཀོད་གཏོང་བྱེད་ཀྱི་ཡོད་པ་རེད།
མངའ་རིས་ས་ཁུལ་གྱི་གཞི་གཅིག་ཅན་གྱི་120མྱུར་སྐྱོབ་བཀོད་གཏོང་ལྟེ་གནས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་ལས། ས་ཁུལ་ཡོངས་ཀྱི་མྱུར་སྐྱོབ་གཅིག་གྱུར་བཀོད་གཏོང་གི་ཞན་ཆ་སེལ་བ་དང་། རྫོང་ཁོངས་ཀྱི་མྱུར་སྐྱོབ་ཆ་འཕྲིན་གྱི་བཀག་རྒྱ་གཏོར་ཐུབ་པ། མྱུར་སྐྱོབ་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་ཐུབ་པ། མྱུར་སྐྱོབ་དང་ལེན་གྱི་དུས་ཡུན་ཇེ་ཐུང་དུ་གཏོང་ཐུབ་ནས་ཉེན་ཁ་ཆེ་བ་དང་ནད་ཚབས་ལྕི་བའི་ནད་པར་རྩ་ཆེའི་མྱུར་སྐྱོབ་དུས་ཚོད་བརྩོན་ལེན་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།