དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བརྙན་ལམ་བཀོད་གཏོང་གི་འཕྲལ་སྡོམ་ནང་སྦྱོང་ལེགས་གྲུབ་བྱུང་བ།

    ཐོན་འབབ་བརྟན་པོ་དང་འབབ་འཕར་ཡོང་བར་འགན་ལེན་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-25

    ཉེ་ཆར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བརྙན་ལམ་བཀོད་གཏོང་གི་འཕྲལ་སྡོམ་ནང་སྦྱོང་ཐེངས་དང་པོ་སྒྲིག་འཛུགས་བྱས་ཏེ་ས་གནས་འགའ་ཞིག་གིས་དུས་ཐོག་ཏུ་དང་ལེན་མ་ཞུས་པ་དང་གནོད་འཚེའི་གནས་ཚུལ་ཤེས་རྟོགས་ཆ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ནང་སྦྱོང་གི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།

    ད་རེས་ཀྱི་ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་གནོད་འཚེ་ཐོན་སྐབས་ཀྱི་རིམ་པ་ཁག་གི་འཕྲལ་སྡོམ་ནུས་པར་ཞིབ་བཤེར་བྱས་པ་རེད། “སྐར་མ་15ཡི་ནང་དང་ལེན་དང་། སྐར་མ་20ཡི་ནང་སྦྲེལ་མཐུད། སྐར་མ་30ཡི་ནང་དངོས་སུ་བཀོད་གཏོང”བཅས་བྱེད་པའི་ཚད་གཞི་ནན་པོར་གཞིགས་ནས། གཏན་འཁེལ་བྱས་པའི་གྲོས་རིམ་གཞིར་བཟུང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་སྟེ། ཚོགས་འདུ་མ་འཚོགས་གོང་གྲོང་ཁྱེར་གཉིས་དང་རྫོང་ལྔའི་སྒྲིག་ཆས་སྦྲེལ་མཐུད་བྱས་ཚུལ་ལ་སྐབས་བསྟུན་ཞིབ་བཤེར་བྱས་པ་དང་། རྫོང་7གྱི་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཆར་ཆུ་དང་། ཐན་པ། ཞིང་ལས་སྐྱེ་དངོས་ལ་གནོད་འཚེ་ཕོག་པ། ཕྱུགས་རིགས་ཤི་རྨས། སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པ། འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་གནས་ཚུལ་རིམ་བཞིན་སྙན་སེང་ཞུས་པ། གྲོང་ཁྱེར(ས་ཁུལ)བདུན་གྱི་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཁག་བགོས་དོ་དམ་འགན་འཁུར་བས་ཁོངས་གཏོགས་ཁུལ་གྱི་འབྲུབ་དུས་ཀྱི་གནོད་འཚེའི་གནས་ཚུལ་དང་དེ་བཞིན་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་བྱེད་ཐབས་ཁ་གསབ་བྱས་པ། ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་ལས་སྒོ་ཁྲུའུ་དང་ཅུས་ཀྱིས་དུས་གཅིག་ཏུ་དམིགས་ས་ཡོད་པའི་མཛུབ་ཁྲིད་བྱས་ནས་ཞིང་འབྲོག་ཆ་འཕྲིན་ལྟེ་གནས་ཀྱིས་བརྒྱུད་རིམ་ཧྲིལ་པོར་ཆ་འཕྲིན་དྲ་ལམ་གཙོ་ཕལ་གཉིས་བརྟན་པོའི་ངང་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།