རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས།
——རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་ གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ།
“ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པ་བཅས་བྱས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་པ་དང་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་བཞག་ནས། ལོ་རྒྱུས་ཀྱི་འོད་སྟོང་གསར་པ་ཧུར་ཐག་གཏོད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཉིན་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས། གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། བསམ་བློའི་སྟོབས་ཤུགས་ཆེན་པོ་དངོས་སྒྲུབ་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ནས། རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་གི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གདེང་ཚོད་བརྟན་གཏོང་དང་རྒྱུན་མཐུད་འབད་འཐབ་བྱེད་པར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་གི་ལས་བགོས་འགན་གཉེར་བྱེད་མཁན་གཞི་རིམ་རྩ་འཛུགས་ལས་དོན་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ང་ལ་སྐུལ་ལྕག་ཟབ་མོ་ཐེབས་བྱུང་། ངས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་སེམས་སུ་འཇོག་པ་དང་ལས་འགན་ཕྲག་ཐོག་ཏུ་འཁུར་གྱི་ཡིན”ཞེས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཞུས་ཙེ་ཞང་གིས་བརྗོད། ཉེ་བའི་ལོ་ཤས་རིང་། ལྷུན་གྲུབ་རྫོང་གིས་གྲོང་ཚོའི་ལས་བྱེད་པའི“1+7”གྱི་ལས་ཀའི་བྱ་ཐབས་བཟོས་ནས་གྲོང་ཚོ་རིམ་པའི་ཚན་ཁག་གི་ཁོངས་མི་ལོ་ན་མཐོ་བ་དང་སློབ་རྒྱུས་དམའ་བ་སོགས་ཀྱི་དཀའ་གནད་ནུས་ལྡན་བསལ་ཡོད། མིག་སྔར། རྫོང་ཡོངས་ཀྱི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་ཆ་སྙོམས་ལོ་ཚད་ལོ་15ཙམ་ཆག་པ་དང་། ཆེད་ཚན་སློབ་གྲྭ་ཆེ་མོ་ཡན་གྱི་སློབ་རྒྱུས་ལྡན་པའི་མི་89མང་དུ་ཕྱིན་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་སྒྲོལ་བ་བཅས་བྱུང་ཡོད།
“‘ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད’ཅེས་པ་དེ་ནི་སྟོང་གཏམ་ཞིག་མིན་པར། དེ་ཏང་ཡོན་མི་རེ་ངོ་རེའི་ཐོག་མའི་བསམ་འདུན་དང་བྱ་སྤྱོད་ལས་མངོན་ཐུབ”ཅེས་ནག་ཆུ་གྲོང་ཁྱེར་སོག་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ་བློ་གཡུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་སྐབས་མྱོང་ཚོར་ཟབ་མོས་བརྗོད། དུས་ཡུན་རིང་པོའི་ནང་། བློ་གཡུང་གིས“ཨ་ཉེ་དགའ་དགའ”འདུམ་འགྲིག་ཁང་ལས་སྟེགས་སུ་བྱས་ཏེ“གསུམ་གསུམ”ལས་ཀའི་བྱ་ཐབས་བརྒྱུད“འགལ་ཟླ་གོང་དུ་རྩིས་མི་སྤྲོད་པ་དང་ཞབས་ཞུ་གནད་ལ་འཁེལ་བ”ཐུབ་པར་བྱས་ཡོད། ཁོང་གིས“ང་ཚོ་ཏང་ཡོན་ལས་བྱེད་པ་ཚོགས་ཁང་ནས་ཐོན་ཏེ་འབྲོག་པའི་སྦྲ་གུར་དང་ལས་ཡུལ་དུ་སྐྱོད་དགོས། ང་ཚོས་ངང་རྒྱུད་རིང་ལ་ཞིབ་ཚགས་པོས་རྩོད་གཞི་རེ་རེ་བཞིན་འདུམ་འགྲིག་བྱས་པ་ཚང་མ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རང་རྟོགས་ངང་ལག་ལེན་བསྟར་བ་ཤ་སྟག་རེད”ཅེས་བརྗོད། བྱང་རྩྭ་ཐང་དུ་བློ་གཡུང་གིས་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཆབ་སྲིད་ལེགས་ཆ་དེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ནུས་ཕྱོད་ཆེན་པོར་དངོས་འབྲེལ་འགྱུར་བར་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་ཏེ། ཏང་གི་སྲོལ་རྒྱུན་བཟང་པོ་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“གངས་རིའི་གསར་བརྗེའི་སྒུལ་ཤུགས”ཀྱི་ཏང་འཛུགས་སྐྱོང་སྤུས་རྟགས་ལ་བརྟེན་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་མི་ཐུབ་པའི་འགོག་རྐྱེན་བསལ་ཡོད། དེ་དང་ཆབས་ཅིག རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་བྱེད་པའི“གཅིག་གཏད་གཅིག”གི་འགན་འཁྲི་གཙང་ལེན་གྱི་ཞབས་ཞུའི་ལམ་ལུགས་ཁྱབ་གདལ་བཏང་སྟེ། ལས་བྱེད་པ་བཟོ་ཁང་དང་རྣམ་གྲངས་ཀྱི་འཐབ་ས་དང་པོར་ལས་ཀ་བྱེད་པར་སྐྱོད་རྒྱུ་སྒྲིག་འཛུགས་བྱས་ནས། དམངས་ཆེད་སེམས་ནུས་ཡོད་རྒུ་འདོན་པ་དང་དམངས་ལ་དཀའ་ངལ་སེལ་རོགས་ཀྱི་དངོས་སྒྲུབ་འགན་ཁུར་ལ་བརྟེན་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བཙུགས་པ་དང་ལག་ལེན་བསྟར་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོས་དོན་དངོས་གསར་པ་དང་ཟུང་འབྲེལ་བྱས་ནས། ཏང་གི་ཕུལ་བྱུང་ཁྱད་ཡོན་རྒྱུན་ཆད་མེད་པར་དར་སྤེལ་བཏང་སྟེ་ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་གསར་གཏོད་ཀྱི་ནུས་པ་དང་། གོང་བུ་སྒྲིལ་ཤུགས། འཐབ་ནུས་བཅས་ཆེན་པོ་ལྡན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ཧྥན་གྱིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས“ངས་སྤྱོད་ཚུལ་བཟང་པོར་བརྟེན་ནས་ཚོང་འགུགས་རིག་འདྲེན་དང་། ཁེ་ལས་ཀྱི་ཞབས་ཞུ། གླིང་ཁུལ་འཛུགས་སྐྲུན་བཅས་ཀྱི་ལྷུ་ཚིགས་ཁག་ལ་དམིགས་ཏེ། ཏན་ཏན་ཏིག་ཏིག་གི་ལས་ཀའི་གྲུབ་འབྲས་ཐོག་ནས་གླིང་ཁུལ་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཡག་པོ་ཞུ་གི་ཡིན”ཞེས་བརྗོད།
རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འཐབ་ལྷོད་མེད་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།