“སྐལ་བཟང་མེ་ཏོག་བྱ་སྤྱོད”དམ་འཛིན་བྱ་གཞིར་བྱས་ཏེ།
བོད་ཀྱིས་ལོ་གཉིས་ནང་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་400ལྷག་ཙམ་འཕར་བའི་བརྩོན་ལེན་བྱ་རྒྱུ་ཡིན་པ།
ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མ་དངུལ་གྱི་འདེགས་སྐྱོར་བྱས་པ།
ཉིན་ཤས་གོང་། གསར་འགོད་པར་རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཐོབ་པར་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་མདུན་དུ་བོད་ཀྱིས་སྤུས་ཚད་མཐོ་རུ་དང་གཞི་ཁྱོན་ཆེ་རུ་གཏོང་བའི་ལྟེ་བའི་དམིགས་ཚད་ལ་གཞིགས་ནས། ལོ་གཉིས་ནང་ཁེ་ལས་2ནས་3བར་འཛུགས་པ་དང་ཁྲོམ་རར་ཞུགས་ཐུབ་པའི་བརྩོན་ལེན་བྱས་ཏེ། ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་400ལྷག་ཙམ་འཕར་བ་དང་། མ་རྩའི་ཁྲོམ་རའི་ཁོར་ཡུག་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་འགྲོ་བ། མ་རྩའི་མཐུན་རྐྱེན་སྦྱོར་བའི་ནུས་ཕྱོད་རྒྱུན་མཐུད་ཆེ་རུ་འགྲོ་བ་བཅས་བྱེད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཚུན་དུ། བོད་ཀྱིས“སྐལ་བཟང་མེ་ཏོག་བྱ་སྤྱོད”ལྟེ་བའི་དམ་འཛིན་བྱ་གཞིར་བརྩིས་ནས་རིམ་པ་མང་བའི་མ་རྩའི་ཁྲོམ་རའི་འཕེལ་རྒྱས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ལེགས་ཁྲོམ་ཞུགས་བྱེད་པོ་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་དང་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་ཁྱོན་ཆེ་རུ་གཏོང་བ། ཁྱད་ཆོས་མངོན་གསལ་དོད་པ་དང་སྤུས་ནུས་གཉིས་ལྡན་གྱི“བོད་ཀྱི་རྣམ་པ”གཏོད་པ་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མ་དངུལ་གྱི་འདེགས་སྐྱོར་བྱས་པ་རེད།
རང་ལྗོངས་ཀྱིས་སྐྱེད་སྲིང་དང་ནང་འདྲེན་མཉམ་འཛིན་མཐའ་འཁྱོངས་བྱས་ནས“1+N”གྱི་ཁྲོམ་ཞུགས་སྲིད་ཇུས་མ་ལག་སྐྲུན་པ་དང་། མ་རྩའི་ཚོང་འགུག་གནད་སྨིན་སྤེལ་བ། སྤུས་ལེགས་ཁེ་ལས་16ནང་འདྲེན་བྱས་ནས་གཞིས་ཆགས་འཕེལ་རྒྱས་གཏོང་བ། ཆུས་རིམ་པའི་ཁྲོམ་ཞུགས་རྗེས་གྲབས་ཁེ་ལས་ལ་བབ་བསྟུན་དོ་དམ་བཅས་བྱས་ཏེ། གོང་འོག་ཚང་མར་ཁྱབ་པའི་རྗེས་གྲབས་དཔུང་ཁག་བཙུགས་ཡོད། “ཁག་གཅིག་བྱས་པ་དྲུག”སྐྱེད་སྲིང་བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་ནས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མིང་ཐོ་དཀར་པོའི་ལམ་སྲོལ་བསྐྲུན་ནས། རིམ་རྩིས་བརྒྱབ་ན་རྗེས་གྲབས་ཁེ་ལས་55ལ་དངུལ་བུན་སྒོར་དུང་ཕྱུར་109.5བཏང་བས། 2023ལོ་ཚུན་ལྗོངས་ཡོངས་སུ་ཐད་ཀར་མ་དངུལ་བསྡུ་སྒྲིལ་བྱེད་ཚད་སྒོར་དུང་ཕྱུར་434.79མང་དུ་ཕྱིན་ཏེ། ཁྲོམ་ཞུགས་བྱེད་རྩིས་ཡོད་པའི་ཁེ་ལས་ཀྱི་འཕེལ་རྒྱས་དཀའ་གནད་གནད་སྨིན་བསལ་བ་རེད།
འབྲེལ་ཡོད་གསར་འགྱུར།