དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁྲི་ལྔ་ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་རྡོག་ཐོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-24

    ཉེ་ཆར། ས་གནས་ཁག་དང་མཐོ་སློབ་ཁག་གིས་2026ལོར་གསར་དུ་བསྡུས་པའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཁྲི་5.3ལྷག་ཙམ་སྔ་རྗེས་སུ་རྡོག་ཐོན་བྱས་པ་རེད། ཟླ་7ཚེས་21ཉིན། ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་རྣམ་གྲངས་གཞུང་དོན་ཁང་དང་གུང་གཞོན་སྡེ་ཚོགས་པེ་ཅིང་གྲོང་ཨུད་ཀྱིས་པེ་ཅིང་ནུབ་ཚུགས་སུ་ཤིན་ཅང་དང་བོད་དུ་ཞབས་འདེགས་ཞུ་བར་སྐྱོད་མཁན་ནུབ་རྒྱུད་འཆར་གཞིའི་དང་བླངས་པར་སྐྱེལ་མ་བྱས་པ་རེད།

    ད་ལོའི་ཟླ་3ཚེས་1ཉིན་ནུབ་རྒྱུད་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་ནས་མིང་ཐོ་བཀོད་ཚུན། ས་གནས་ཁག་དང་མཐོ་སློབ་ཁག་གིས་རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མར་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་ནུབ་རྒྱུད་ལ་བྱས་རྗེས་འཇོག་རྒྱུའི་ཁྲིད་སྟོན་དང་ལྕག་སྐུལ་བྱས་པས། རྒྱ་ཆེའི་གཞོན་ནུ་སློབ་མ་ཚོས་ཚ་ཚ་འུར་འུར་ངང་མིང་ཐོ་བཀོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནུབ་རྒྱུད་འཆར་གཞི་ལག་བསྟར་བྱེད་ཚད་མི་ཁྲི་10.8ཟིན་པ་དང་། དང་བླངས་པ་ཚོ་ཤིན་ཅང་དང་། བོད་ལྗོངས། ཀུའེ་ཀྲོའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)27དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་གྲོང་གསེབ་ཀྱི་སློབ་གསོ་དང་། གྲོང་གསེབ་འཛུགས་སྐྲུན། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རིམ་གྱི་གཞོན་ནུའི་ལས་དོན་སོགས་ལ་དམིགས་ནས། དང་བླངས་ཞབས་འདེགས་ལོ་གཅིག་ནས་གསུམ་བར་ཞུ་རྒྱུ་དང་ཞབས་ཞུའི་ལས་གནས་90%ཡན་ཤང་དང་གྲོང་རྡལ་དང་དེ་མན་དུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

    སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞི་ནི་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་། སློབ་གསོ་པུའུ། ནོར་སྲིད་པུའུ། མི་སྤྱི་པུའུ་བཅས་ཀྱིས་མཉམ་དུ་ལག་ལེན་བསྟར་བའི་ཤེས་ལྡན་པའི་འདུ་འགོད་གལ་ཆེན་ཞིག་རེད། དུས་རབས་གསར་པ་ཤར་ཚུན། མཐོ་སློབ་སློབ་ཐོན་སློབ་མ་ཁྲི་40ལྷག་ཙམ་གྱིས་ཏང་གི་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུས་ནས་ནུབ་རྒྱུད་དང་། གྲོང་གསེབ། གཞི་རིམ་བཅས་སུ་བསྐྱོད་དེ་དང་བླངས་ཞབས་ཞུ་བསྒྲུབས་ཏེ་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། མཐའ་དར་དམངས་ཕྱུག་དང་མཐའ་བརྟན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་བཏོན་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་རང་རྟོན་རང་དར་དང་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པ་བཟང་པོ་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།