ཉིན་བརྒྱར་ལས་མི་ཁྲི་སྟོང་བསྡུ་བའི་ཆེད་དོན་བྱ་སྤྱོད་ཀྱི་ཆེད་དོན་འདུ་ཚོགས་ཁག་བཞི་གཉེར་བ།
གསར་འགོད་པར་མི་སྤྱི་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་20ནས་26ཉིན་བར། ཉིན་བརྒྱར་ལས་མི་ཁྲི་སྟོང་བསྡུ་བའི་ཆེད་དོན་བྱ་སྤྱོད་ཀྱི་མི་ཐབས་རིག་ནུས་དང་། ནུས་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་། བཟོ་སྐྲུན། སྨན་རྫས་དང་སྨན་བཅོས་འཕྲོད་བསྟེན་ལས་རིགས་བཅས་དྲ་ཐོག་ནས་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་ཁག་4གཉེར་ཡོད། བྱེད་སྒོ་དེ་ནི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་འབྲེལ་ཡོད་སྒྲིག་གཞིས་སྒྲིག་འཛུགས་བྱས་ཤིང་། ཁྱོན་མི་སྤྱོད་ཚན་པ་9000ལྷག་ཙམ་ཞུགས་པ་དང་ལས་མི་བསྡུ་བའི་དགོས་མཁོ་མི་ཐེངས་ཁྲི་14.6ཟིན་གྱི་ཡོད་པ་རེད།
མི་ཐབས་རིག་ནུས་ལས་རིགས་ཀྱི་ཆེད་དོན་འདུ་ཚོགས་ནི་BOSSཐད་ཀར་ལས་བསྡུའི་ལས་སྟེགས་ཀྱིས་གཉེར་འགན་འཁུར་ཞིང་། ལིང་ཤིན་ཆའོ་ཧྲའུ་དང་། ཤན་ཀུང་རིག་ནུས། ཁུའུ་ཝ་ཚན་རྩལ། ཕེ་པའོ་འཕྲུལ་མི་སོགས་མི་སྤྱོད་ཚན་པ་91སྒྲིག་འཛུགས་བྱས་ནས་མཉེན་ཆས་གསར་སྤེལ་གྱི་ལག་རྩལ་ཆེ་མོ་བ་དང་། ཚད་ལེན་ཚོད་ལྟའི་ལག་རྩལ་ཆེ་མོ་བ། རྩིས་ཐབས་ལག་རྩལ་ཆེ་མོ་བ། AIཐོན་རྫས་ཀྱི་ཅིང་ལི་སོགས་ཀྱི་ལས་གནས་མཁོ་འདོན་བྱས་པ་དང་ལས་མི་བསྡུ་བའི་དགོས་མཁོ་མི་ཐེངས་1000ཙམ་ཟིན་ཡོད་པ་རེད།
ནུས་རྒྱུ་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་ལས་རིགས་ཀྱི་ཆེད་དོན་འདུ་ཚོགས་དེ་ཀྲེ་ལེན་ལས་བསྡུའི་ལས་སྟེགས་ཀྱིས་གཉེར་འགན་འཁུར་ཞིང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་དང་། ཀྲུང་གོ་ཡིད་རྟོན་ཁོར་ཡུག་ལག་རྩལ། ཀྲུང་གོ་ནུས་རྒྱུ་གྲོན་ཆུང་། ཧྥུང་ཁྲའོ་ནུས་རྒྱུ་སོགས་མི་སྤྱོད་ཚན་པ་276སྒྲིག་འཛུགས་བྱས་ནས་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་ལག་རྩལ་ཆེ་མོ་བ་དང་། གློག་ཤུགས་ཉོ་ཚོང་བ། ཁོར་ཡུག་དཔེ་ལེན་པ། ཚན་ཞིབ་ལས་རོགས་པ་སོགས་ཀྱི་ལས་གནས་མཁོ་འདོན་བྱས་པ་དང་ལས་མི་བསྡུ་བའི་དགོས་མཁོ་མི་ཐེངས་5179ཟིན་ཡོད་པ་རེད།
བཟོ་སྐྲུན་ལས་རིགས་ཀྱི་ཆེད་དོན་འདུ་ཚོགས་དེ་མདུན་ལམ་འོད་ཟེར་སྟོང་ལྡན་ལས་བསྡུའི་ལས་སྟེགས་ཀྱིས་གཉེར་འགན་འཁུར་ཞིང་། པི་ཡཱ་ཏི་དང་། ཉིང་ཏེའི་དུས་རབས། ལི་ཤུན་ཞིབ་ཚགས། ཧྲང་ཧའེ་རླངས་འཁོར་ཚོགས་པ་སོགས་མི་སྤྱོད་ཚན་པ་8500སྒྲིག་འཛུགས་བྱས་ཏེ་འཕྲུལ་ཆས་ལག་རྩལ་ཆེ་མོ་བ་དང་། ཚ་ལ་རྒྱག་མཁན་ལག་རྩལ་ཆེ་མོ་བ། སྤུས་ཚད་ལག་རྩལ་ཆེ་མོ་བ། རྣམ་གྲངས་དོ་དམ་ལག་རྩལ་ཆེ་མོ་བ་སོགས་ཀྱི་ལས་གནས་མཁོ་འདོན་བྱས་པ་དང་ལས་མི་བསྡུ་བའི་དགོས་མཁོ་མི་ཐེངས་ཁྲི་13.6ཟིན་ཡོད་པ་རེད།
སྨན་རྫས་དང་སྨན་བཅོས་འཕྲོད་བསྟེན་ལས་རིགས་ཀྱི་ཆེད་དོན་འདུ་ཚོགས་དེ་སྨན་རྩ་ལམ་གཅིག་APPལས་བསྡུའི་ལས་སྟེགས་ཀྱིས་གཉེར་འགན་འཁུར་ཞིང་། ཨན་ཅིན་སྐྱེ་དངོས་གསོ་རིག(ཧྲང་ཧའེ)དང་། ཧན་ཧུའེ་སྨན་བཟོ། ཆང་ཧྲེང(ཀྲུང་གོ) ཧའོ་སེན་སྨན་ལས་སོགས་མི་སྤྱོད་ཚན་པ་198སྒྲིག་འཛུགས་བྱས་ཏེ་གསོ་རིག་སྨན་བཅོས་ཀྱི་འཐུས་མི་དང་། སྨན་སྦྱོར་བ། རང་བྱུང་དང་རྫས་འགྱུར་རིག་པའི་གཙོ་གཉེར་བ། འོད་རིག་པའི་ལག་རྩལ་ཆེ་མོ་བ་སོགས་ཀྱི་ལས་གནས་མཁོ་འདོན་བྱས་པ་དང་ལས་མི་བསྡུ་བའི་དགོས་མཁོ་མི་ཐེངས་3781ཟིན་ཡོད་པ་རེད།
མི་སྤྱོད་ཚན་པ་དང་ལས་ཀ་འཚོལ་མཁན་གྱིས་ཀྲུང་གོའི་སྤྱི་པའི་ལས་མི་བསྡུ་བའི་དྲ་བ་དང་། ཀྲུང་གོའི་རྒྱལ་ཁབ་ཤེས་ལྡན་པའི་དྲ་བ། ལས་ཞུགས་དྲ་བ་བཅས་ཀྱི་ཆེད་དོན་བྱ་སྤྱོད་ཀྱི་འདུ་ཚོགས་གཙོ་བོའི་དྲ་ངོས་བརྒྱུད་ལས་རིགས་ཀྱི་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་ལ་ཐད་ཀར་ཞུགས་པའམ་ཡང་ན་འདུ་ཚོགས་གཙོ་བོའི་དྲ་གཤམ་གྱི་ཐེ་ཞུགས་སྒྲིག་གཞིའི་མཚོན་རྟགས་མནན་ནས་ཡན་ལག་ཚོགས་རར་ཞུགས་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།