དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤིས་ཨན་དུ་2026ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་གྲངས་འཛིན་དར་ལམ་འཕེལ་རྒྱས་གླེང་སྟེགས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-24

    ཟླ་7ཚེས་22ཉིན། “དར་ལམ་ལ་བློ་རིག་གཅིག་ཏུ་འདུས། གྲངས་འཛིན་བཏོད་ནས་རྒྱང་ལམ་འབྱེད—དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་འཛུགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་གྲངས་འཛིན་དར་ལམ་འཕེལ་རྒྱས་གླེང་སྟེགས་ཤིས་ཨན་དུ་འགོ་ཚུགས་པ་རེད། གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་7གྱི་སྐུ་མགྲོན་800ཙམ་གནའ་བོའི་དར་གོས་ལམ་བུའི་འགོ་ཚུགས་གྲོང་ཁྱེར་དུ་མཉམ་འཛོམས་ཀྱིས་གྲངས་རིག་ལག་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་མཉམ་དུ་གྲོས་བསྡུར་བྱས་ནས། གྲངས་འཛིན་དར་ལམ་འཕེལ་རྒྱས་དང་འཛུགས་སྐྲུན་ལ་བློ་རིག་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འདུས་ཡོད། འདི་ནི་ཟླ་7ཚེས་22ཉིན་པར་བརྒྱབ་པའི་2026ལོའི་འཛམ་གླིང་མཉམ་འབྲེལ་དྲ་རྒྱའི་ཚོགས་ཆེན་གྱི་གྲངས་འཛིན་དར་ལམ་འཕེལ་རྒྱས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།