2026ལོའི་རྒྱལ་སྤྱིའི་དམའ་དབྱིངས་དཔལ་འབྱོར་འགྲེམས་ཚོགས་ཧྲང་ཧའེ་རུ་འགོ་ཚུགས་པ།

འདི་ནི་ཟླ་7ཚེས་22ཉིན་ཧྲང་ཧའེ་ཡི་2026ལོའི་རྒྱལ་སྤྱིའི་དམའ་དབྱིངས་དཔལ་འབྱོར་འགྲེམས་ཚོགས་འཚོག་ཡུལ་དུ་གློག་སྒུལ་འཕུར་སྐྱོད་ཡོ་བྱད་ཚན་རྩལ་གྱིས་རང་བརྟེན་ཞིབ་སྤེལ་བྱས་པའི་ཏུན་རིམ་པའི་རླུང་སྒྲོའིeVTOLལས་སྟེགས—EFC1200ལ་ཕྱི་རྒྱལ་གྱི་ལྟད་མོ་བས་ཉམས་ལེན་བྱེད་བཞིན་པ།
ཟླ་7ཚེས་22ཉིན། 2026ལོའི་རྒྱལ་སྤྱིའི་དམའ་དབྱིངས་དཔལ་འབྱོར་འགྲེམས་ཚོགས་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས(ཧྲང་ཧའེ)སུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་400ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་ནས་དམའ་དབྱིངས་དཔལ་འབྱོར་གྱི་ཐོན་ལས་གསར་གཏོད་ཀྱི་ནུས་སྟོབས་གསར་པ་བསྣན་པ་དང་དམངས་འཚོ་དང་ཉེ་བཅར་ཐུབ་པའི་བཀོལ་སྤྱོད་རྣམ་པ་དེ་བས་མང་བ་གཅིག་སྡུད་ཐོག་སྟོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲེམས་ཚོགས་སུ་ད་ལོ་གོ་ལ་ཧྲིལ་པོར་ཐོག་མར་བཤམས་སྟོན་བྱེད་པའི་རྣམ་གྲངས་ཁག་23དང་རྒྱལ་ནང་དུ་ཐོག་མར་ཡོངས་བསྒྲགས་བྱེད་པའི་རྣམ་གྲངས་ཁག་42ཡོད་པ་དེ་དག་ལས་གྲངས་འབོར་དང་ལག་རྩལ་གྱི་རིན་ཐང་འདུས་ཚད་གཉིས་འཕར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།