དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·ཤིས་ཧྲོང་པན་ན”ཞེས་པའི་བྱེད་སྒོ་སྤེལ་བ།

    སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་ཁམས་སྲུང་སྐྱོང་དང་གྲོང་ཁྱེར་བཅོས་སྐྱོང་གི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡེ་ཁྲོན་ཙེང་།   |     སྤེལ་དུས།  2026-07-24

    “ཆར་ནགས་དང་ཁྱིམ་གཞིས། མཉམ་གནས། མཉམ་སྐྲུན། མཉམ་སྤྱོད”བཅས་བརྗོད་དོན་གཙོ་བོར་བྱས་པའི“2026ལོའི་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ·ཤིས་ཧྲོང་པན་ན”ཞེས་པའི་བྱེད་སྒོ་ཉེ་ཆར་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་རུ་སྤེལ་བ་རེད། ཀྲུང་གོ་དང་། ཁམ་ཕུ་ཁྲེ། ལོ་སི། འབར་མ། ཕ་ཁི་སི་ཐན། ནེ་པ་ལ། སི་རི་ལན་ཁ་སོགས་རྒྱལ་ཁབ་24ཡི་ཧྲི་ཀྲང་དང་། ཧྲི་ཀྲང་གི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་གྱི་འཐུས་མི་བཅས་མི་100ལྷག་ཙམ་བྱེད་སྒོར་ཞུགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་། གྲོང་ཁྱེར་བཅོས་སྐྱོང་། ཐོན་ལས་མཉམ་སྐྲུན་སོགས་ཀྱི་གྲོས་གཞིར་སྤེལ་རེས་བྱས་པ་མ་ཟད། ཤིས་ཧྲོང་པན་ནའི་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྟངས་ལ་ལྟ་སྐོར་བྱས་པ་རེད། བྱེད་སྒོའི་ཐོག《ཤིས་ཧྲོང་པན་ནའི་གྲོས་འགོ》ཡོངས་བསྒྲགས་བྱས་ཏེ་སྐྱེ་ཁམས་མཉམ་གནས་དང་། ཐོན་ལས་མཉམ་སྐྲུན། གྲུབ་འབྲས་མཉམ་སྤྱོད། ཕུགས་ཕན་གཉིས་ཁེ་བཅས་ཁ་ཕྱོགས་ཆེན་པོ་བཞིར་དམིགས་ནས་རྒྱུན་རྣམ་ཅན་གྱི་གྲོང་ཁྱེར་གྱི་སྤེལ་རེས་མཉམ་ལས་ལམ་སྲོལ་འཛུགས་རྒྱུ་དར་སྤེལ་བཏང་བ་རེད།

    མཐུན་འགྲོགས་མཉམ་གནས་བྱས་ནས་ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ།

    ཤིས་ཧྲོང་པན་ན་ནི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་ཁོངས་གལ་ཆེན་ཞིག་ཡིན་པ་དང་། ནགས་ཚལ་ཁྱབ་ཚད་74.05%ཟིན་པ་མ་ཟད། རྒྱལ་ཁབ་ཀྱི་གཙོ་གནད་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་ཚད་90%ལྷག་ཙམ་ཟིན་ཡོད། ཤིས་ཧྲོང་པན་ནའི་རི་སྐྱེས་གླང་ཆེན་འཚོ་སྡོད་ཁུལ་དུ་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་རིང་ཚད་ལ་སྨི་2000ལྷག་ཙམ་ཟིན་པའི་གདུང་འདེགས་འཕྲང་ལམ་ཐོག་བསྐྱོད་ཅིང་། གདུང་འདེགས་འཕྲང་ལམ་གྱི་ཤོད་དུ་སྔོ་ཐིང་ཐིང་གི་ཚ་ཁུལ་ཆར་ནགས་ཡིན་པས་ཨེ་ཤེ་ཡའི་གླང་ཆེན་རང་དགར་འགྲོ་འོང་གི་བགྲོད་ལམ་ཞིག་བཏོད་ཡོད།

    ལྟ་སྐོར་བྱེད་རིང་སྐུ་མགྲོན་ཚོ་ཆུ་འགྲམ་དུ་ཅི་དགར་རོལ་བའི་ཨེ་ཤེ་ཡའི་གླང་ཆེན་གྱི་ཁྱུ་དང་འཕྲད། “དེ་ནི་མིའི་རིགས་དང་གླང་ཆེན་ཞི་མཐུན་མཉམ་གནས་ཀྱི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད། ཤིས་ཧྲོང་པན་ནའི་ཐབས་ཤེས་དེར་སི་རི་ལན་ཁས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་འདུག”ཅེས་སི་རི་ལན་ཁ་ཏའེ་ཤི་ཝ་ལེ—མང་ཐེ་ལཱ་ཝུའེ་ཉི་ཡཱ་གྲོང་ཁྱེར་གྱི་ཧྲི་ཀྲང་ཅི་ལཱ་ཕཱ་ནཱ་ཀེ་·ཧྲན་ཐཱ་ཡིས་དེ་ལྟར་བཤད།

    ཤིས་ཧྲོང་པན་ན་ནན་ཡའོ་གླིང་དུ་འབར་མ་དང་། ལོ་སི། ཁམ་ཕུ་ཁྲེ་སོགས་རྒྱལ་ཁབ་ཀྱི་ཧྲི་ཀྲང་གི་འཐུས་མིས་རྒྱལ་ནང་གི་སྐུ་མགྲོན་དང་མཉམ་དུ“རྫ་ཆུ་དང་མེ་ཀུང་གཙང་པོར་མཉམ་དུ་སྐྱོད། སྔོ་ལྗང་ནགས་ཚལ་མཉམ་དུ་སྲུང”ཞེས་པའི་མཉམ་དུ་ཤིང་ཏ་ལའི་སྡོང་པོ་འཛུགས་པའི་ཧྲི་ཀྲང་ནགས་ཚལ་གྱི་བྱེད་སྒོ་སྤེལ་བ་རེད། ཤིང་ཏ་ལའི་སྡོང་པོ་ནི་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཤིང་རིགས་ཤིག་ཡིན་པ་དང་ཤིས་ཧྲོང་པན་ནར་ཤིང་དེ་རིགས་མང་པོ་ཡོད། ཤོག་བུ་དར་ཁྱབ་བྱུང་མེད་པའི་ལོ་རབས་སུ་ས་གནས་དེ་གའི་དམངས་ཚོགས་ཀྱིས་ཤིང་ཏ་ལའི་ལོ་མས་ཤོག་བུའི་ཚབ་བྱེད་ཀྱི་ཡོད། ད་ཐེངས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་མཉམ་དུ་ཤིང་ཏ་ལའི་སྡོང་པོ་བཙུགས་པ་དེ་ཐོག་ནས་མཛའ་གྲོགས་དང་རིག་གནས་རྒྱུན་འཛིན་བྱེད་པ་མཚོན་པ་མ་ཟད། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་བརྒྱུད་སྤྲོད་བྱེད་པའང་མཚོན་ཡོད།

    ཐོན་ལས་མཉམ་དུ་བསྐྲུན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ།

    བྱེད་སྒོའི་ནང་འཐུས་མི་ཚོས་ཤིས་ཧྲོང་པན་ནའི“མན་གསུམ”གྲོང་ཚོ་སྟེ། མན་ཁུང་ཏའེ་དང་། མན་ལིང་ཀྲན། མན་ཁུང་མའེ་བཅས་ཕན་ཚུན་འབྲེལ་བའི་ཏའེ་རིགས་གྲོང་ཚོ་3དུ་བསྐྱོད་དེ་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ཀྱི་ལག་ལེན་དངོས་ལ་ཤེས་རྟོགས་བྱས་པ་རེད།

    དེ་སྔ“མན་གསུམ”གྲོང་ཚོའི་འཕེལ་རྒྱས་འཆར་འགོད་ལ་མཐུན་སྦྱོར་མི་འདང་བ་དང་ཐོན་ཁུངས་གཅིག་སྡུད་མེད་པའི་དབང་གིས་སྤུས་ལེགས་ཀྱི་ཆར་ནགས་སྐྱེ་ཁམས་དང་ཏའེ་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ཀྱི་རིན་ཐང་འདོན་སྤེལ་ཡག་པོ་ཐུབ་མེད། ཉེ་བའི་ལོ་ཤས་རིང་། “མན་གསུམ”གྲོང་ཚོས་ས་ཁོངས་ཀྱི་བཀག་རྒྱ་ལས་བསྒྲལ་ཏེ་དཔུང་སྒྲིལ་གྱི་ཐབས་སྒྱུར་འཕེལ་རྒྱས་གཏོང་སྟངས་བཏོད་པ་སྟེ། མན་ཁུང་ཏའེ་གྲོང་ཚོས་མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་གཙོ་བོར་འཛིན་པ་དང་། མན་ལོན་ཀྲན་གྲོང་ཚོས་སྤུས་ལེགས་ཀྱི་དམངས་སྲོལ་གནས་ཚང་དང་ལུས་གསོ་གཙོ་གནད་འཕེལ་རྒྱས་གཏོང་བ། མན་ཁུང་མའེ་གྲོང་ཚོས་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུའི་ཁུལ་སྐྲུན་པ་བཅས་བྱས་ཡོད། ཚན་རིག་དང་མཐུན་པའི་སྤྱི་འདོམས་འཆར་འགོད་བརྒྱུད་ཡུལ་མིའི་ཚོགས་ཆུང་གསུམ་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་ཡུག་འབྲེལ་འཕེལ་རྒྱས་བཏང་བ་ལས“ཁེར་རྐྱང་འབད་འཐབ”ནས“ཐོན་ལས་མཉམ་སྐྲུན”བར་འགྱུར་ལྡོག་བྱུང་ཡོད།

    “‘མན་གསུམ’གྲོང་ཚོས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཁྱད་ལྡན་འདེབས་འཛུགས་ཐོན་ལས་དེ་ཡུལ་མིའི་རྒྱུན་གཏན་འཚོ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གནས་འཕྲོད་ཁོར་ཡུག་ལ་བརྟེན་ནས་ཐོན་ལས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པ་ནི་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད་པའི་ཉམས་མྱོང་ཞིག་རེད”ཅེས་འབར་མའི་མན་ཏེ་ལེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཆིན་མའོ་ཨའེ་ཡིས་བཤད།

    འཕེལ་རྒྱས་མཉམ་སྤྱོད་བྱས་ནས་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་བ།

    དབན་ཅིང་སྡེ་ཁུལ་ནི་ཤིས་ཧྲོང་པན་ན་ཀྲོའུ་ཅིང་ཧུང་གྲོང་ཁྱེར་དུ་གནས་པ་དང་མི་འབོར་ཁྲི་2ཙམ་ཡོད་པའི་ནང་ཞིང་ཆེན་གཞན་ནས་ཡོང་བའི་བྱེས་སྡོད་གྲོང་མིས་85%བཟུང་ཡོད། ཇི་ལྟར་བྱས་ནས་དམངས་ཡོངས་མཉམ་སྤྱོད་དང་སྣ་མང་བསྟུན་མཁས་ཀྱི་བཅོས་སྐྱོང་བྱེད་སྟངས་བཟོས་ཏེ་གྲོང་མི་རྣམས“ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ”ནས“ཁྱིམ་ཚང་གཅིག་གི་ནང་མིར”འགྱུར་བ་བྱེད་དགོས་སམ། སྐུ་མགྲོན་ཚོས་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་འདེགས་ཞུ་ཡུལ་དུ་བསྐྱོད་དེ་གཞི་རིམ་སྡེ་ཁུལ་གྱི་བཅོས་སྐྱོང་རྣམ་པ་དང་ཁྱིམ་མཚེས་དབར་གྱི་དྲོ་སྐྱིད་རྣམ་པ་ཚོར་བར་བྱས་པ་རེད།

    བྱེད་སྒོའི་གླེང་མོལ་གཙོ་བོའི་ལྷུ་ཚིགས་སུ། ཤིས་ཧྲོང་པན་ན་ཀྲོའུ་ཡི་ཀྲོའུ་ཀྲང་ཏའོ་ཝུན་གྱིས་ཅི་ནུའོ་ཧྲན་དུ་ཆར་ནགས་ཀྱི་རྐང་ཐང་རྣམ་གྲངས་གསར་སྤེལ་དང་ཡུལ་མིར་འབབ་འཕར་གཏོད་རྒྱུར་སྐུལ་ཁྲིད་བྱས་པའི་དཔེ་མཚོན་དྲངས་པར་ལི་སཱ་ལིར་ཡང་ངོས་འཛིན་གཅིག་མཐུན་བྱུང་ཞིང་། ཁོང་གིས“གལ་ཏེ་དམངས་ཚོགས་ལ་དེའི་ཁྲོད་ནས་ཕན་པ་མ་ཐོབ་ཚེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་དོན་སྙིང་མེད” ཤན་ལིས“སྐྱེ་ཁམས་ཡུལ་སྐོར་དང་རིག་གནས་སྡེ་ཁུལ”གཏོད་རྒྱུར་སྐུལ་འདེད་བཏང་ནས་ས་གནས་དེ་གའི་གྲོང་མིར་དམངས་སྲོལ་གནས་ཚང་གཉེར་སྐྱོང་དང་དྲན་རྟེན་དངོས་པོ་འཚོང་བ་སོགས་བརྒྱུད་ཡོང་འབབ་རག་ཐབས་བྱེད་ཀྱི་ཡོད་ཅེས་བཤད།

    ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ལམ་རྒྱུད་ཀྱི་གྲོང་ཁྱེར་གལ་ཆེན་ཏེ། ལོ་སིའི་ལང་པོ་ལཱ་པང་གྲོང་ཁྱེར་གྱི་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཁན་ཧོའུ·དབྱིན་ཏཱ་ཝུང་ལ་འཕེལ་རྒྱས་མཉམ་སྤྱོད་ཐད་མྱོང་ཚོར་ཟབ་མོ་ཡོད་ཞིང་། ཁོང་གིས“ལོ་ཀྲུང་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་5ཙམ་སོང་རིང་ལང་པོ་ལཱ་པང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། འཕེལ་རྒྱས་ཀྱི་ཕན་འབྲས་དེ་ནི་ལོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་དང་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་ཁ་འབྲལ་ཐབས་མེད”ཅེས་བཤད།

    ཆིན་མའོ་ཨའེ་ཡིས། “ད་ཐེངས་ཤིས་ཧྲོང་པན་ན་རུ་འཚམས་འདྲི་བྱེད་རིང་། ངས་ཚ་ཁུལ་གྱི་ཆར་ནགས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཐད་ཀྱི་ས་གནས་དེ་གའི་དགེ་མཚན་ལྡན་པའི་ལག་ལེན་མཐོང་བྱུང་ལ། སྐྱེ་ཁམས་སྲུང་སྐྱོང་དང་གྲོང་ཁྱེར་འཕེལ་རྒྱས་མཐུན་སྦྱོར་མཉམ་སྤེལ་ཐུབ་པའང་ར་འཕྲོད་བྱུང་བ་མཐོང་བྱུང་། ད་ཐེངས་འཛམ་གླིང་ཧྲི་ཀྲང་གི་གླེང་མོལ་གོ་སྐབས་སུ་བྱས་ཏེ་ཤིས་ཧྲོང་པན་ན་དང་དེ་བཞིན་མཛའ་གྲོགས་གྲོང་ཁྱེར་ཁག་དབར་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཤུལ་བཞག་རྒྱུན་འཛིན། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།