ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་ཡོང་ནས“གསར་བརྗེའི་ཞིབ་སློབ་ཡུལ་སྐོར་བྱེད་པའི”བྱེད་སྒོ་ཀོང་ཤིས་སུ་གཉེར་བ།
ཟླ་7ཚེས་11ནས་ཚེས་20ཉིན་བར། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ཀོང་ཤིས་ནན་ཉིང་གྲོང་ཁྱེར་དང་། ཀུའེ་ལིན་གྲོང་ཁྱེར། ཁྲུང་ཙུའོ་གྲོང་ཁྱེར་བཅས་སུ་ཝེ་ཐེ་ནམ་གྱི་གཞོན་ནུ་ཀྲུང་གོར་ཡོང་ནས“གསར་བརྗེའི་ཞིབ་སློབ་ཡུལ་སྐོར་བྱེད་པའི”བྱེད་སྒོ་ལས“ཨ་ཁུ་ཧུའུ་ལགས་ཀྱི་ཞབས་རྗེས་སྙེགས་པའི”ཞིབ་སློབ་སྒར་གཉེར་བ་རེད། ཞིབ་སློབ་སྒར་གྱི་བརྗོད་དོན་གཙོ་བོ་ནི“གསར་བརྗེའི་ཕུགས་འདུན་གྱི་རྗེས་སུ་འབྲངས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་དེ་ཡིན་པ་དང་ཝེ་ཐེ་ནམ་གྱི་ཞིང་ཆེན་དང་གྲོང་ཁྱེར་13གྱི་མཐོ་སློབ་དང་མཐོ་རིམ་སློབ་འབྲིང་གི་དགེ་སློབ་འཐུས་མི་100ཞུགས་ཡོད་པ་རེད། བྱེད་སྒོ་དེ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སློབ་གསོ་ཐིང་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་། གུང་གཞོན་སྡེ་ཚོགས་ཀོང་ཤིས་ལྗོངས་ཨུད་དང་། ཀོང་ཤིས་དགེ་འོས་སློབ་ཆེན། ཀྲུང་གོ(ཀོང་ཤིས)རྒྱལ་སྤྱིའི་གཞོན་ནུའི་སྤེལ་རེས་སློབ་གླིང་བཅས་ཀྱིས་ཞིབ་ཕྲའི་སྒྲུབ་འགན་ཁུར་བ་རེད།
འབྲེལ་ཡོད་གསར་འགྱུར།