དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་ཟླ་7ཚེས་26ནས་ཟླ་8ཚེས་22ཉིན་བར་གཉེར་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-24

    ཚེས་22ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་ཟླ་7ཚེས་26ནས་ཟླ་8ཚེས་22ཉིན་བར་ལྷ་སར་གཉེར་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་སྒྱུ་རྩལ་དུས་ཆེན་ཐོག་ལྷ་མོ་དང་། ཀོང་ཏུང་ཁྲང་ཞི། གཏམ་བརྗོད་ཟློས་གར། རོལ་དབྱངས་ཟློས་གར། སྒྲ་སྙན་ཞབས་བྲོའི་ཟློས་གར། གླུ་བྲོའི་ཟློས་གར་སོགས་རིགས་ཆེན་པོ་དགུའི་ཕུལ་བྱུང་འཁྲབ་ཚན་12འཁྲབ་སྟོན་ཐེངས་26བྱ་རྒྱུ་ཡིན་པ་རེད།

    སྒྱུ་རྩལ་དུས་ཆེན་རིང་། དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་དང་། ལས་བྱེད་པ་རྒན་གྲས་ཀྱི་ཞབས་བྲོའི་འགྲན་བསྡུར། ཁྲོམ་བྲོའི་འགྲན་བསྡུར་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་མང་པོ་མཉམ་དུ་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།