2026ལོའི་བོད་ལྗོངས་ཉིང་ཁྲིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཟླ་7ཚེས་26ཉིན་སྤེལ་རྒྱུ་ཡིན་པ།
ཚེས་22ཉིན། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པའི་བོད་ལྗོངས་ཉིང་ཁྲིའི་གནམ་ལྕགས་འབར་བའི་ས་མཐོའི་ལུས་རྩལ་ཚོགས་ཆེན་ཏེ། ཉིང་ཁྲིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2026ལོའི་ཉིང་ཁྲིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ཟླ་7ཚེས་26ཉིན་སྤེལ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལམ་ཕྱེད་མར་སུན་འགྲན་རྒྱུག་ལ་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱི་Aརིགས་ཀྱི་ཁས་ལེན་ཐོབ་པ་བརྒྱུད་ལམ་ཕྱེད་མར་སུན་གྱི་རྣམ་གྲངས་ཁོ་ན་བཙུགས་ཡོད། འགྲན་ལམ་ཉང་ཆུའི་རྒྱུད་དུ་བཟོས་པས་རྒྱུག་ཤར་གློད་ཞོར་གྲོང་ཁྱེར་གྱི་རྣམ་པ་དང་། སྐྱེ་ཁམས་འདམ་ར། ཀོང་པོའི་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་བཅས་ལ་མྱོང་རོལ་བྱེད་ཆོག་གི་ཡོད། འགྲན་ཞུགས་གྱོན་ཆས་དང་བྱ་དགའི་རྟགས་མར་ཀོང་པོའི་བོད་རིགས་ཀྱི་ཁྱད་ལྡན་རིག་གནས་མཚོན་རྟགས་བསྲེས་ཡོད།
མིག་སྔར། འགྲན་བསྡུར་ལ་མིང་ཐོ་འགོད་མཁན་སྔོན་དཔག་ལས་བརྒལ་ཞིང་། དྲ་ཕྱིར་མིང་ཐོ་འགོད་མཁན་4366ཟིན་པ་དེ་དུས་མཚུངས་ལས་82%འཕར་བ་དང་ལྗོངས་ཕྱིའི་འགྲན་ཞུགས་བདམས་ཐོན་པས་79.5%བཟུང་ཡོད། དྲ་ཐོག་ཏུ་མིང་ཐོ་འགོད་མཁན་ཁྲི་6ཙམ་ཡོད་པ་དང་སྔོན་དཔག་བྱས་ན་མིང་ཐོ་འགོད་མཁན་ཁྱོན་ཁྲི་7ལས་བརྒལ་རྒྱུ་རེད། འགྲན་བསྡུར་བྱེད་རིང་། ལྟ་སྲུང་བ་4.0གྱི་འགྲན་བསྡུར་དོ་དམ་མ་ལག་དང་། ལྷན་སྦྱར་AIཔར་ལེན། བརྙན་ཐུང་རང་གྲུབ་བཅས་ཀྱི་ནུས་པ་སྤྱོད་རྒྱུ་མ་ཟད། རིག་ནུས་སྤྱད་ནས་དངོས་པོ་ལེན་པ་དང་ངོ་གདོང་བཤེར་ནས་བདེ་འཇགས་ཞིབ་བཤེར་བྱ་རྒྱུ་དང་ཆབས་ཅིག བདམས་ཐོན་པར་འགྲན་བསྡུར་མ་བྱས་གོང་3Dགྲངས་འཛིན་དངོས་ལྗོངས་འགྲན་ལམ་འོས་སྦྱོར་བྱས་ནས་འགྲན་ཞུགས་ཀྱི་ཉམས་ལེན་ཕྱོགས་ཡོངས་ནས་ལེགས་སུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།