དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་བདུན་པར་གན་རྒྱ་བཞག་པའི་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་758ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-23

    ཉེ་ཆར། ཀྲུང་གོ·མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་བདུན་པའི་གྲུབ་འབྲས་ཡོངས་བསྒྲགས་བྱས་ཤིང་། རིམ་རྩིས་བརྒྱབ་ན། རྣམ་གྲངས་ཁག་108ལ་གན་རྒྱ་བཞག་པར་དངུལ་འབོར་སྒོར་དུང་ཕྱུར་758ཟིན་པ་དང་། རྣམ་གྲངས་དེ་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད། ཚོང་དོན་ཟོག་འགྲུལ། རྒྱལ་མཚམས་སྒྲོལ་བའི་དཔལ་འབྱོར་ཚོང་དོན་སོགས་གཙོ་གནད་ཁྱབ་ཁོངས་ལ་ཁྱབ་ཡོད་པ་རེད།

    སྐབས་འདིའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་འགྲེམས་སྟོན་གྱིས“སྒོ་དབྱེ་མཉམ་ལས། ལྗང་མདོག་འཕེལ་རྒྱས”ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། ལྗང་མདོག་འཕེལ་རྒྱས་འགྲེམས་ཁང་དང་། མཉམ་ལས་སྤེལ་རེས་འགྲེམས་ཁང་། ས་ཁུལ་གྱི་འཕེལ་རྒྱས་འགྲེམས་ཁང་བཅས་ཁྱད་ལྡན་འགྲེམས་ཁུལ་ཆེན་པོ་ཁག་གསུམ་བཙུགས་ཡོད་པ་རེད། “དྲ་ཐོག་གི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུས”སྤེལ་རེས་རྣམ་པ་དང་དབྱིངས་ཞུགས་རྣམ་པའི་ཚོགས་ཞུགས་ཀྱི་ཉམས་ལེན་ཞིག་བཏོད་པར། དྲ་ཐོག་ནས་འགྲེམས་སྟོན་ལ་ལྟ་མཁན་མི་ཐེངས་ཁྲི་3600ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།