དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-23

    ཉེ་ཆར། ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ་ཐེན་ཧྲུའེ་གྲོང་ཁྱེར་དུ་གཉེར་འགོ་ཚུགས་ཤིང་། ཁྱོན་འཐུས་མི་ཚོགས་པ་19འགྲན་བསྡུར་ལ་ཞུགས་ཡོད་པ་རེད། འགྲན་ར་གཙོ་བོའི་འགྲན་བསྡུར་ཟླ་7ཚེས་19ཉིན་ནས་ཚེས་24ཉིན་བར་ཐེན་ཧྲུའེ་རུ་གཉེར་དང་གཉེར་མུས་ཡིན་ཞིང་། མི་རིགས་ཀྱི་རྟ་རྩལ་རྣམ་གྲངས་ཟླ་བདུན་པའི་ཟླ་འགོར་ཀྲང་ཡེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་གི་ཡན་ལག་འགྲན་རར་སྤེལ་ཟིན་པ་རེད།

    ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་ལོ་བཞི་རེར་ཐེངས་རེ་གཉེར་གྱི་ཡོད་ཅིང་། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་མུ་ཏིག་སྤོ་ལོ་དང་། རྐང་སྤོལ། མདའ་འཕེན། འཕང་ལོ། གཉའ་གཅོག རྐང་བརྫུས་ཤིང་རིང་མྱུར་འགྲན། ཤིང་ལྷམ་མྱུར་འགྲན། མི་རིགས་ཀྱི་དྲག་རྩལ། མི་རིགས་ཀྱི་སྦེ་ག མི་རིགས་ཀྱི་ལུས་སྦྱོང་ཞབས་བྲོ། རྫས་མདའ་འགྲན་བསྡུར། ཤིང་སྤོལ། ཐེ་པེད། མི་རིགས་ཀྱི་རྟ་རྩལ་བཅས་འགྲན་བསྡུར་རྣམ་གྲངས་ཁག་14བཀོད་སྒྲིག་བྱས་ཡོད་པ་དང་། དེ་བཞིན་རྩལ་འགྲན་རིགས་དང་། ཐབས་རྩལ་རིགས། ཕྱོགས་བསྡུས་རིགས་བཅས་འཁྲབ་སྟོན་རྣམ་གྲངས་ཁག་3ཡོད་པ་རེད། དེའི་ནང་། མི་རིགས་ཀྱི་རྟ་རྩལ་དང་། རྫས་མདའ་འགྲན་བསྡུར། ཤིང་སྤོལ། ཐེ་པེད་བཅས་འགྲན་བསྡུར་རྣམ་གྲངས་ཁག་4ནི་སྐབས་འདིའི་འགྲན་བསྡུར་གྱི་རྣམ་གྲངས་གསར་པ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།