དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་6པར་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་ཀྱི་སྟོན་གྲངས་465.4ཟིན་པ།

    གཙོ་གནད་ས་ཁུལ་དུ་ཆུ་ཚོད་72ནང་སྦྲག་ཐོག་བསྐུར་མ་སྐྱེལ་ཚད་87.4%བར་འཕར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-23

    ཉེ་ཆར། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་ཀྱི་སྙན་ཞུ་ལས་མངོན་དོན། ཚོད་རྩིས་ལྟར་ན། ཟླ་6པར། ཀྲུང་གོའི་མྱུར་སྐྱེལ་འཕེལ་རྒྱས་སྟོན་གྲངས་465.4ཟིན་པ་དེ་དུས་མཚུངས་ལས་2.4%འཕར་ཞིང་། ལས་རིགས་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་པ་དང་། ཁྲོམ་རའི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་ཕྱིན་ཡོད།

    འཕེལ་རྒྱས་ཀྱི་གཞི་ཁྱོན་བརྟན་ཐོག་ཡར་འཕེལ་འགྲོ་བཞིན་ཡོད་ཅིང་། ཟླ་6པར། འཕེལ་རྒྱས་ཀྱི་གཞི་ཁྱོན་སྟོན་གྲངས་617.5ཟིན་པ་དེ་དུས་མཚུངས་ལས་5.4%འཕར་ཡོད། ལོ་སྟོད་དུ་ལས་རིགས་ཀྱིས་དེང་རབས་ཞིང་ལས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་དབར་གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས། སྣ་མང་ཞབས་ཞུའི་རྣམ་པ་བར་རྒྱ་སྐྱེད་དང་སྣུར་སྲིང་བྱས་པ་དང་། འཛད་སྤྱོད་ཚོགས་སྤྱི་མི་འདྲ་བའི་ཧེ་བག་ཅན་གྱི་སྦྲག་ཐོག་བསྐུར་མ་བསྐུར་བའི་དགོས་མཁོ་གང་ལེགས་བསྐངས་ཏེ། མྱུར་སྐྱེལ་ལས་འབོར་བརྟན་པོ་འཕར་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། ཤིན་ཅང་ཨ་ཁེ་སུའུ་བསྡུ་འགྲེམས་ལྟེ་གནས་དང་བོད་ལྗོངས་ཉིང་ཁྲིའི་རིག་ནུས་སྔོན་འཇོག་མཛོད་ཁང་སོགས་ཀྱི་སྒྲིག་བཀོད་སྔ་རྗེས་སུ་བསྐྲུན་ཏེ་སྤྱོད་འགོ་ཚུགས་པ་དང་བསྟུན་ནས། ནུབ་རྒྱུད་ཁྲོམ་རའི་གཞི་ཁྱོན་ཆེ་རུ་དང་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་། འཕར་ཚད་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་ཤུགས་ཆེན་བརྒལ་ཏེ། ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འགག་རྩའི་འདེགས་སྐྱོར་དུ་གྱུར་ཡོད།

    ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ཞིང་ནང་མུ་ཁ་དང་། རི་གསེབ་ཀྱི་མཚོ་གླིང་། གྲོང་ཁྱེར་གྱི་ཚོང་ལས་ཁུལ་སོགས་སུ་མི་མེད་གནམ་གྲུ་དང་མི་མེད་རླངས་འཁོར་སོགས་ཀྱི་སྒྲིག་ཆས་སྤྱོད་པར་སྐུལ་འདེད་བཏང་བས་མཐའ་སྣེའི་ལས་ཕྱོད་ཆེ་རུ་ཕྱིན་ཡོད། སྦྲག་ཐོག་བསྐུར་མའི་མངགས་བཅོལ་དོ་དམ་ཞབས་ཞུ་གསར་གཏོད་བྱས་ཏེ། སྐད་བརྡའི་སྤེལ་རེས་བྱེད་ནུས་ལ་བརྟེན་ནས་སྦྲག་ཐོག་བསྐུར་མའི་བརྒྱུད་རིམ་སྟབས་བདེ་རུ་བཏང་བས། སྦྲག་ཐོག་བསྐུར་མ་བསྐུར་རིང་སྤྱོད་མཁན་ལ་སྟབས་བདེ་ཆེན་པོ་བྱུང་བ་སོགས་རེད། ཟླ་6པར། ཞབས་ཞུའི་སྤུས་ཚད་སྟོན་གྲངས་677.6ཟིན་ནས་ན་ནིང་གི་དུས་མཚུངས་དང་སྤྱིར་ན་སྙོམས་ཡོད། རྣམ་གྲངས་དབྱེ་ནས་དམིགས་ཚད་ལ་བལྟས་ན། སྤྱི་དམངས་ཀྱི་མྱུར་སྐྱེལ་ཞབས་ཞུར་བློ་ཡིད་ཚིམ་ཚད་ཐོབ་སྐར་85.4ཟིན་ཡོད། གཙོ་གནད་ས་ཁུལ་དུ་ཆུ་ཚོད་72ནང་སྦྲག་ཐོག་བསྐུར་མ་སྐྱེལ་ཚད་87.4%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.4འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།